དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པ་དང་། འཛམ་གླིང་མི་དམངས་ཀྱིས་བདེ་འཇགས་བརྟན་ལྷིང་ལ་རེ་སྒུག་བྱེད་པའི་མདུན་དུ། ཀྲུང་གོས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་ནས་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་བ་དང་། རྒྱལ་སྤྱིའི་གདོང་ཐུག་གི་འབྱུང་རྩ་མེད་པར་བཟོ་བ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཡུན་རིང་ཞི་བདེ་དང་སྤྱི་ཡོངས་བདེ་འཇགས་ཀྱི་འཛམ་གླིང་མཉམ་དུ་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་འདྲ་མཉམ་དང་། སྒོ་དབྱེ། བསྟུན་མཁས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པའི་བརྗོད་དོན་གཙོ་བོ་ནི“ཞི་བདེ་མཉམ་སྐྲུན་དང་འབྱུང་འགྱུར་མཉམ་སྤྱོད”ཅེས་པ་དེ་ཡིན་པ་དང་། དེ་ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།