དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    སྒྱུར་བཅོས་ཟབ་གཏོང་དང་། གསར་གཏོད་ཕོད་པ། དཀའ་སྤྱད་དངོས་སྒྲུབ། དམངས་ཕྱུག་ཀན་དར་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་སུའུ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    ཕེབས་ལམ་དུ་ཧྲའན་ཤིས་པའོ་ཅི་རུ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-15

    ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲུའེ་གྲོང་ཁྱེར་མའེ་ཅི་ཆུས་ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིར་རྟོག་ཞིབ་གནང་སྐབས་ཤིང་འབྲས་ལྡུམ་རར་ཕེབས་ནས་འདེབས་འཛུགས་དང་། ལག་རྩལ། གཡོག་བྱེད་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་རྨ་ཆུའི་ལན་ཀྲོའུ་ཀྲུང་ཧྲན་ཟམ་པའི་རྒྱུད་དུ་རྟོག་ཞིབ་གནང་སྐབས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་12ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལན་ཀྲོའུ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ལན་ཀྲོའུ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཀན་སུའུ་ལན་ཀྲོའུ་དང་ཧྲའན་ཤིས་པའོ་ཅི་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། ཀན་སུའུ་ཡིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་དམངས་ཕྱུག་ཀན་དར་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་སུའུ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཧྲེང་ཀྲང་རེན་ཀྲེན་ཧོ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཐེན་ཧྲུའེ་དང་ལན་ཀྲོའུ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐེན་ཧྲུའེ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཧྥུའུ་ཤིས་ལྷ་ཁང་ལ་རྟོག་ཞིབ་གནང་སྟེ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཧྥུའུ་ཤིས་ལྷ་ཁང་ལ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པས། རྩ་ཆེའི་རིག་གནས་ཤུལ་བཞག་དེ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་ནས་མེས་པོའི་བློ་གྲོས་དང་གསར་གཏོད་ཀྱིས་མི་རབས་རྗེས་མར་ནམ་ཡང་ལྕག་སྐུལ་ཐེབས་པར་བྱས་ཏེ་མི་རིགས་ཀྱི་སྤོབས་སེམས་དང་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཚེས་11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མའེ་ཅི་ཆུས་ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་འགྲེམས་པང་དང་ཟུང་འབྲེལ་གྱིས་ཆུ་འདྲེན་དང་ཆུ་མཁོ་འདོན་ལས་གྲྭའི་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་2013ལོའི་ལོ་འགོར་ཨར་ལས་བྱ་ཡུལ་དུ་རྟོག་ཞིབ་དང་ཨར་ལས་ཀྱི་དཀའ་གནད་ཐག་གཅོད་གནང་སྐབས་མཛུབ་ཁྲིད་གནང་བའི་གནས་ཚུལ་ཇི་མ་ཇི་བཞིན་ཕྱིར་དྲན་གནང་བ་རེད། མང་ཚོགས་ཁྲི་600ཙམ་བ་ཚྭ་ཅན་གྱི་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་བ་མཁྱེན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཧ་ཅང་ཆེན་པོ་གནང་ཞིང་། ཁོང་གིས་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭ་དེས་དེའི་རྒྱུད་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཕན་ནུས་དེ་བས་ཆེ་བ་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཧྭ་ཉིའུ་ཀུ་ཤུ་དམར་ཐིང་ངེར་བཏགས་ཏེ་འབྲས་བཟང་བསྡུ་བའི་དུས་ལ་སླེབས་པའི་རྣམ་པ་ཞིག་ངང་གིས་མངོན་འོང་། ཞི་ཅིན་ཕིང་གིས་ཤིང་འབྲས་ལྡུམ་རར་ཕེབས་ཏེ་འདེབས་འཛུགས་དང་། ལག་རྩལ། གཡོག་བྱེད་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་འགག་རྩ་ནི་ཐོན་ལས་དར་རྒྱས་ལ་ཐུག་ཡོད། ལོ་70ལྷག་ཙམ་འདེབས་གསོ་འཕེལ་རྒྱས་བཏང་བ་བརྒྱུད་ཧྭ་ཉིའུ་ཀུ་ཤུའི་སྤུས་རྟགས་ཀྱི་སྐད་གྲགས་དེ་བས་ཆེ་རུ་སོང་ཡོད། སྣ་ཁ་སྲུང་སྐྱོང་དང་འདེབས་གསོར་ཤུགས་སྣོན་རྒྱག་པ་དང་། འདེབས་འཛུགས་བྱེད་སྟངས་ལེགས་སུ་གཏོང་བ། ཚོང་གཉེར་བྱེད་སྟངས་གསར་གཏོད་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་འདི་དེ་བས་རྒྱ་སྟོབས་ཆེ་རུ་བཏང་སྟེ་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུས་པ་རེད།

    དེ་རྗེས་ཞི་ཅིན་ཕིང་མའེ་ཅི་རི་བོའི་བྲག་ཕུག་ཏུ་ཕེབས་ཏེ་གདུང་འདེགས་འཕྲང་ལམ་བརྒྱུད་ནས་ད་བར་ལོ་ངོ་1600ལྷག་ཙམ་སོང་བའི་བྲག་ཕུག་དང་། འཇིམ་བརྐོས། ལྡེབས་རིས་བཅས་ལ་ཞིབ་ཚགས་ངང་གཟིགས་པ་མ་ཟད། སྲུང་སྐྱོང་ཉམས་གསོའི་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་བྲག་ཕུག་ཆེན་པོ་བཞི་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ཞིག་ཡིན་པས་ཚང་མར་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རིག་དངོས་ལས་དོན་པས་མུ་མཐུད“མོའོ་ཀོའོ་ཡི་སྙིང་སྟོབས”རྒྱུན་འཛིན་བྱས་ཏེ་བློ་གཅིག་སེམས་གཅིག་གིས་རྒྱལ་ཁབ་ཀྱི་ནོར་བུ་བསྲུངས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གསར་གཏོད་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    ཚེས་11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལན་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཨན་ཉིང་ཆུས་ཙའོ་ལིན་ཤིས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཁོང་གིས་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་། སྡེ་ཁུལ་གྱི་ཟ་ཁང་བཅས་སུ་གཟིགས་ཞིབ་གནང་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་། དམངས་བདེ་དམངས་ཕན་གྱི་ཞབས་ཞུ་ལེགས་གཏོང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དོན་འཁྱོལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་རྒན་ཡོལ་ཞུས་པའི་མི་སྣའི་མཉམ་གཞས་ནང་སྦྱོང་ལའང་གཟིགས་པ་རེད། ཁོང་གིས་ད་དུང་དེའི་འཁྲིས་ཀྱི་ལིའུ་ཅ་པའོ་མངགས་གཏོང་ཁང་དུ་ཕེབས་ནས་ཉེན་རྟོག་ལས་དོན་གྱི་སྟོབས་ཤུགས་གཞི་རིམ་དུ་སྐྱོད་པའི་བྱེད་སྟངས་དང་ཕན་འབྲས་ལ་མཁྱེན་རྟོགས་གནང་ཞིང་། ཞི་ཅིན་ཕིང་གིས་གྲོང་མིའི་དགོས་མཁོ་དངོས་དང་ལྷག་པར་དུ“རྒན་རྒོན་གཅིག་དང་བྱིས་པ་གཅིག”སོགས་གཙོ་གནད་ལ་དམ་པོར་དམིགས་ནས་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་བཅོས་སྐྱོང་དང་སྤྱི་ཚོགས་བདེ་འཇགས་དེ་བས་ཏན་ཏིག་ཡོང་བ་བྱེད་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ་གཞི་རིམ་ལས་བྱེད་པས་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་འཇོག་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ལི་ཙུང་པེའོ་ཡི་ཁྱིམ་དུ་ནང་མི་དང་ལྷན་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། ཁྱིམ་ཚང་དེའི་མི་རབས་གསུམ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་གཟིགས་སྐབས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་དམངས་འཚོ་གཙོ་བོར་འཛིན་པ་དང་དམངས་འཚོ་གཙོ་གནད་དུ་བཟུང་དགོས། ཏང་ཀྲུང་དབྱང་གིས་རྒན་རྒོན་ཚོའི་བདེ་སྐྱིད་ཁམས་བདེར་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒན་གསོ་དང་། སྨན་བཅོས། སྡེ་ཁུལ་ཞབས་ཞུ་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་མུ་མཐུད་ཤུགས་རྒྱག་དགོས་ལ། ཇི་ཙམ་ཤུགས་བརྒྱབ་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།

    སྡེ་ཁུལ་གྱི་ཐང་ཆེན་དུ་གྲོང་མི་ཚོས་དེ་གར་རྒྱུག་འོང་ཞིང་། ཞི་ཅིན་ཕིང་གིས་ཚང་མར་ང་ཚོས་མི་རིང་བར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན། ལོ་75ཡི་རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ད་ཆ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པས། ང་ཚོས་དེ་བས་མཐུན་སྒྲིལ་དང་དེ་བས་འབད་བརྩོན་བྱེད་པ་དང་ཚང་མས་མཉམ་དུ་ཤུགས་བརྒྱབ་སྟེ་དེ་བས་ཆེ་བའི་འོད་སྟོང་གསར་པ་གཏོད་དགོས་ཞེས་གསུངས་པ་དང་། ཁོང་གིས་ཚང་མར་སྔ་སྣུར་ནས་ཟླ་མཆོད་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཁྱིམ་ཚང་ཚང་མ་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    དེ་རྗེས་ཞི་ཅིན་ཕིང་རྨ་ཆུའི་ལན་ཀྲོའུ་ཀྲུང་ཧྲན་ཟམ་པའི་རྒྱུད་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་གཙང་འགྲམ་རྐང་ལམ་ནས་གཟིགས་ཞིབ་གནང་གིན་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་པ་དང་ལན་ཀྲོའུ་ནི་རྨ་ཆུ་གྲོང་ཁྱེར་གྱི་དབུས་ནས་རྒྱུག་པའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་འབའ་ཞིག་དེ་རེད། དེར་བརྟེན་ཚང་མས་སེམས་ནང་བཀའ་དྲིན་བཅངས་ནས། ཚང་མ་ཞུགས་པ་དང་། ཚང་མས་འགན་ཁུར་ཏེ་རྨ་ཆུ་མཉམ་དུ་ཡག་པོ་བསྲུངས་ནས་མ་ཡུམ་གཙང་པོ་ལས་ཕ་ཚ་བུ་རྒྱུད་ལ་ནམ་ཡང་ཕན་པ་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཚེས་13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཞིང་། ཀན་སུའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀན་སུའུ་ཡིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པ་དང་དེ་བཞིན་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་གལ་ཆེན་གཏོད་དགོས། དེང་རབས་ཀྱི་གྲང་ཐན་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཞིང་ལས་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་ཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་སྟོབས་དང་ཆོད་སེམས་དེ་བས་ཆེ་བའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པའི་ནང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། མི་རྩ་བར་འཛིན་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་སྦྲེལ་མཐུད་བྱེད་པ་དང་། ཞིང་ཆེན་སྒྲོལ་བའི་མཉམ་ལས་རྒྱ་ཆེར་བཏང་ནས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་འགྲོ་ལམ་གསར་པ་བསྐྲུན་རྒྱུ་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཀན་སུའུ་རུ་ལོ་རྒྱུས་རིག་གནས་གཏིང་ཟབ་པ་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཏུན་ཧོང་ཞིབ་འཇུག་ཁང་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་དཔེ་མཚོན་དང་ཏུན་ཧོང་རིག་པའི་ཞིབ་འཇུག་གི་མཐོ་ས་སྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ལྕགས་རི་རིང་པོ་དང་། རྒྱང་སྐྱོད། རྨ་ཆུ་བཅས་ཀྱི་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ལས་རིགས་ཀ་རྟེན་ཐོན་ལས་ཤིག་ཏུ་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་འབྱོར་ཕྱུག་གི་རྨང་གཞི་བརྟན་དུ་གཏོང་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཕལ་ཆེ་བའི་དགོས་མཁོ་དང་སྒྲུབ་ཐུབ་པའི་དམངས་འཚོའི་ལས་དོན་དངོས་ལེགས་པར་བསྒྲུབས་ཏེ་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་སྔོན་འགོག་དང་དབུལ་པོ་མི་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་སྐུལ་འདེད་བཏང་ནས་ཡུལ་སྲོལ་ཡ་རབས་སྐྱེད་སྲིང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་བཙུགས་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས། ཅི་ཧྲི་ཧྲན་གྱི་ས་ཡོམ་གེགས་ཁུལ་སོགས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལེགས་པར་བསྒྲུབས་ནས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ལ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་ཡང་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ལས་བྱེད་པའི་སྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་དང་གཞུང་དྲང་སྤྱོད་གཙང་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་བློ་ཁོག་ཆེན་པོས་བྱ་བ་སྒྲུབ་པའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་སྲ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་ཀྱང་རྒྱག་དགོས།

    ཚེས་10ཉིན་གྱི་ཕྱི་དྲོར། ཀན་སུའུ་རུ་ཕེབས་པའི་ཕེབས་ལམ་དུ་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ་དང་ཧྲེང་ཀྲང་ཀྲའོ་ཀང་གི་ཕེབས་རོགས་འོག་པའོ་ཅི་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་དང་། ཞི་ཅིན་ཕིང་གིས་པའོ་ཅི་ལི་ཆས་རྟེན་མཛོད་ཁང་དུ་གཟིགས་སྐོར་གནང་ཞིང་། ཁོང་གིས་རང་རྒྱལ་གྱི་ལི་ཆས་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་འོད་སྟོང་རབ་ཏུ་འཕྲོ་བས་འཛམ་གླིང་ཤེས་དཔལ་གྱི་ལོ་རྒྱུས་ཐོག་རང་ལུགས་གསར་གཏོད་བྱས་པ་ཞིག་རེད། ལི་ཆས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་དང་དྲིལ་བསྒྲགས་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭའི་ཤེས་དཔལ་ལ་བཅངས་པའི་དགའ་ཞེན་དེ་བས་ལེགས་པའི་ངང་འཕེལ་བར་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ད་དུང་ཝེ་ཧོ་ཆུ་བོའི་སྐྱེ་ཁམས་སྤྱི་གླིང་ལ་གཟིགས་ཞིབ་ཀྱང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཟླ་9ཚེས་12ཉིན་གྱི་སྔ་དྲོར། ལན་ཀྲོའུ་རུ་ཞི་ཅིན་ཕིང་གིས་ལན་ཀྲོའུ་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་བ། ཞི་བའི་ལས་འགན་འཁུར་མཁན་བཅས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ལན་ཀྲོའུ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཧོ་ཝེ་ཏུང་མཇལ་འཕྲད་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།