དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གིས་མཐོ་གྲང་ཁུལ་གྱི་སྔོ་ཚལ་བཏབ་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

    འདི་ནི་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཡུང་ཧྥུང་གྲོང་ཚོའི་གྲོང་མིས་སྔོ་ཚལ་མཐིང་མངར་འཐུ་བཞིན་པ།

    ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་དམིགས་བསལ་གྱི་ས་བབ་དང་གནམ་གཤིས་ལེགས་ཆར་བརྟེན་ནས། ས་མཐོའི་མཐོ་གྲང་ཁུལ་གྱི་སྔོ་ཚལ་རྟེན་གཞི་སྐྲུན་མགྱོགས་སུ་བཏང་ཡོད། རིམ་རྩིས་བརྒྱབ་ན། མུའུ་བརྒྱ་ཡན་གྱི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་སྔོ་ཚལ་རྟེན་གཞི་210དང་། མུའུ་སྟོང་གི་ཐོན་སྐྱེད་རྟེན་གཞི་41 མུའུ་ཁྲིའི་དཔེ་སྟོན་རྟེན་གཞི་6བཅས་བསྐྲུན་ཡོད། མིག་སྔའི་བར་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་མཐོ་གྲང་ཁུལ་གྱི་སྔོ་ཚལ་ཏུན་ཁྲི་32.3ཕྱིར་གཏོང་བྱས་པ་དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་6.48ཟིན་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་འདེད་ཡོ་བྱད་དང་། ཞིང་པའི་འབབ་འཕར་མང་གཏོང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་ཀྱི་ཀ་རྟེན་ཐོན་ལས་གལ་ཆེན་དུ་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།