དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

     ཚེས་10ཉིན་ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དུ་འཚོགས་པ་རེད། ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་ཡིས་འདས་ཟིན་པའི་ལོ་60ཡི་ནང་ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་དེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དུ་ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཨ་ཏེ་ཤིས་ན(གཡོན)དང་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་དང་འཆར་གཞི་འཕེལ་རྒྱས་ཀྱི་པུའུ་ཀྲང་ཉི་ཡ་ལའེ·ཁ་པ་གཉིས་ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།