དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་ཧྲེང་པི་ཏེ་པའོ་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲེང་པི་ཏེ་པའོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཧྲེང་པི་ཏེ་པའོ་རུ་འབོ་གསེར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་ཐེངས་བཅུ་བཞི་པར་ཞུགས་པ་རེད། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། པར་ཙིར་གྱི་ཙུང་ཐུང་གི་དབུ་བཞུགས་དམིགས་བསལ་བློ་འདྲི་བ་ཨ་མོ་ལིན་དང་། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་བ་ཏུའོ་ཝར། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལས་ཤག་གི་པུའུ་ཀྲང་ཨེན་ཐེ་ཧྲ་ཝུའེ་ཉི། ཨེ་ཅིབ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཨེར་ཏིང་། ཨ་རབ་མཉམ་འབྲེལ་ཚོ་དཔོནརྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧྲ་མུའུ་ཤིས། དབྱི་རན་གྱི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཨའེ་ཧ་མའེ་ཏི་ཨན། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཁབ་བདེ་འཇགས་སྡེ་ཚན་གྱི་འགན་འཁུར་བ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་འཇིགས་སྐུལ་དང་། འཇིགས་རྒོལ། དྲ་རྒྱའི་བདེ་འཇགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་འདི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཁ་ཧྲན་དབུ་ཚོགས་ལ་དགོས་ངེས་ཀྱི་ཆབ་སྲིད་གྲ་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།