དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཉེན་དོན་མཉམ་ལས་ཀྱི་པུའུ་རིམ་པའི་སྐད་ཆ་ཤོད་རེས་ཐེངས་གསུམ་པ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

    ཚེས་11ཉིན་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཉེན་དོན་མཉམ་ལས་ཀྱི་པུའུ་རིམ་པའི་སྐད་ཆ་ཤོད་རེས་ཐེངས་གསུམ་པ་ཧྥུའུ་ཅན་གྱི་ཧྥུའུ་ཀྲོའུ་རུ་བྱས་ཤིང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་དང་ཧྥི་ཅིའི་ནང་སྲིད་དང་གནས་སྤོས་ཡུལ་མི་པུའི་པུའུ་ཀྲང་ཕི་ཨའོ·ཏི་ཁོ་ཏུའུ་ཨ་ཏུའུ་ཨ་གཉིས་ཀྱིས་ཐུན་མོང་གི་ཀྲུའུ་ཞིའི་འགན་འཁུར་བ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་སྤེལ་བ་རེད།

    ཝང་ཞའོ་ཧུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མཉམ་ལས་རྩ་དོན་ཐད་རྒྱས་བཤད་གནང་བ་དང་དེ་བཞིན་གླིང་ཕྲན་རྒྱལ་ཁབ་ཁག་གི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གྱིས་ང་ཚོས་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ལ་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“མཉམ་ལས་དེ་བས་ཆེད་ལས་དང་། དེ་བས་ནུས་ཆེ། དེ་བས་མཛའ་གྲོགས་བཅས་ཡོང་བ་དང་གླིང་ཕྲན་རྒྱལ་ཁབ་དེ་བས་བདེ་འཇགས་ཡོང་བར་བྱེད་པའི”དུས་གཏན་གྱི་བརྗོད་དོན་གཙོ་བོར་དམིགས་པ་དང་དེ་བས་མཛའ་གྲོགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་པ་དང་། དེ་བས་ནུས་ཆེའི་མཉམ་ལས་བྱེད་སྟངས་ཆགས་པ། དེ་བས་ཆེད་ལས་ཀྱི་ཁྲིམས་སྒྱུར་དཔུང་ཁག་གཏོད་པ་བཅས་ལ་དམིགས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པ་དང་། ས་ཁུལ་ཡུན་རིང་བདེ་འཇགས་ཡོང་བར་བྱས་ནས། གཉིས་ཁེ་གཉིས་རོགས་དང་མཉམ་ལས་གཉིས་ཕན་གྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཏེ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཝ་ནུ་ཨ་ཐུ་དང་། ཐང་ཀ སོ་ལོ་མོན་གླིང་ཚོམ། ཅི་ལི་པ་སི། ནོ་རུ། ཕ་ཕུ་ཡ་ཀུའི་ནེ་ཡ། ས་མོ་ཡ་བཅས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོས་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།