དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བྱེས་འགྲོའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནད་སྨིན་ལྟ་ཞིབ་དང་མཐིལ་རྟོགས་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

     གསར་འགོད་པར་དམངས་སྲིད་པུའུ་ཡི་2024ལོའི་དུས་ཚིགས་གསུམ་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུས་སྡེ་ཚན་མང་པོ་དང་མཉམ་དུ《བྱེས་འགྲོའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་ཇུས་གཞི》བཀྲམ་ཞིང་། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ངོས་ནས་བྱེས་འགྲོའི་བྱིས་པའི་ཚོགས་སྤྱིར་དམིགས་ཏེ་ཆེད་མངགས་བཟོས་པའི་གཅེས་སྐྱོང་དང་སྲུང་སྐྱོང་སྲིད་ཇུས་ཀྱི་ཡིག་ཆ་ཐོག་མ་ཡིན་པ་དེས་དམངས་འཚོའི་འགན་སྲུང་ཁྱབ་ཁོངས་ཀྱི་སྲིད་ཇུས་ཀྱི་སྟོང་ཆ་བསྐངས་ནས་བྱིས་པའི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    བྱ་སྤྱོད་ཇུས་གཞིའི་ནང་། ཕ་མའམ་ཡང་ན་ལྟ་སྐྱོང་བ་གཞན་དག་གི་ཕྱོགས་གཉིས་སམ་ཡང་ན་ཕྱོགས་གཅིག་དང་མཉམ་དུ་ཐེམ་ཐོ་གནས་ས་ལས་བྲལ་བ་དང་རྫོང་ཁོངས་བསྒྲལ་ནས་ས་ཆ་གཞན་དུ་སྡོད་པའམ་ཡང་ན་འཚོ་བ་ཟླ་6ཡན་སྐྱེལ་བ་དང་རང་ལོ་ཧྲིལ་པོ་ལོ་16ལ་མ་སླེབས་པའི་ནར་མ་སོན་པའི་མི་བྱེས་འགྲོའི་བྱིས་པའི་ལྟ་ཞིབ་ཚད་ལེན་གྱི་མཐིལ་རྟོགས་ཁྱབ་ཁོངས་ནང་འཇུག་དགོས། ལྟ་ཞིབ་ཚད་ལེན་གྱི་མཐིལ་རྟོགས་གྲལ་བཤེར་བྱས་པ་ལས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པ་དང་། དབང་པོ་སྐྱོན་ཅན་ཡིན་པ། ལྟ་སྐྱོང་བྱེད་མཁན་མེད་པ། སེམས་ཁམས་ཐང་པོ་མེད་པ་བཅས་ཀྱི་བྱེས་འགྲོའི་བྱིས་པ་དང་དེ་བཞིན་རོགས་སྐྱོབ་དང་རོགས་སྐྱོར་གྱི་རེ་ཞུ་རང་འགུལ་ངང་བཏོན་པའི་ཤང་དང་གྲོང་རྡལ(ཁྲོམ་གཞུང)བསྒྲལ་བའི་བྱེས་འགྲོའི་བྱིས་པར་གཙོ་གནད་ཀྱི་གཅེས་སྐྱོང་ཞབས་ཞུ་བྱ་ཡུལ་གྱི་ཆ་འཕྲིན་གྱི་རྩིས་ཁྲ་བཟོ་བ་དང་། དུས་བཀག་ལྟར་འཚམས་འདྲི་བྱེད་པ། གཅེས་སྐྱོང་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།