དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་ཐོན་རྫས་ཀྱི་ཐཱན་ཤུལ་མཚོན་རྟགས་བདེན་དཔང་ར་སྤྲོད་ཚོད་ལྟ་བྱས་པ།

    ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

    ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས་ཐོན་རྫས་ཀྱི་ཐཱན་ཤུལ་མཚོན་རྟགས་བདེན་དཔང་ར་སྤྲོད་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་བ་རེད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་ལིས་གློག་རྫས་དང་། འོད་ཤུགས་ཐོན་རྫས། ངར་ལྕགས་སོགས་ཐོན་རྫས་རིགས་11ལ་དམིགས་ནས་བདེན་དཔང་ར་སྤྲོད་ཚོད་ལྟ་བྱ་རྒྱུའི་གཏན་འཁེལ་བྱས་ཏེ། ལག་ལེན་རྨང་གཞིར་བྱས་ནས་གཅིག་གྱུར་གྱི་ཐོན་རྫས་ཀྱི་ཐཱན་ཤུལ་མཚོན་རྟགས་བདེན་དཔང་ར་སྤྲོད་ལམ་ལུགས་བཙུགས་ཏེ་ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    གོམ་སྟབས་རྗེས་མར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་དོན་མཐུན་སྦྱོར་དང་གྲངས་གཞི་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་རྫས་ཀྱི་ཐཱན་ཤུལ་མཚོན་རྟགས་བདེན་དཔང་ར་སྤྲོད་དང་ལས་རིགས་དོ་དམ་དང་འཕེལ་རྒྱས་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། སྲིད་གཞུང་དང་། ལས་རིགས། ཁེ་ལས་སོགས་ཀྱི་སྟོབས་ཤུགས་ཚོད་ལྟའི་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ་རང་རྒྱལ་གྱི་ཐོན་རྫས་ཀྱི་ཐཱན་ཤུལ་གྲངས་གཞིའི་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་རྫས་ཀྱི་ཐཱན་ཤུལ་མཚོན་རྟགས་བདེན་དཔང་ར་སྤྲོད་བྱས་འབྲས་རྒྱལ་སྤྱིའི་ཐོག་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།