དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཁྲུང་ཆིང་དང་བོད་ལྗོངས་གཱ་གཅིག་ཀུན་འཐུས”ཀྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-14

     ཚེས་11ཉིན་སྤྱི་ཚོགས་འགན་བཅོལ་གཱའི“ཁྲུང་ཆིང་དང་བོད་ལྗོངས་གཱ་གཅིག་ཀུན་འཐུས”ཀྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་བོད་ལྗོངས་ལྷ་སར་སྤེལ་འགོ་ཚུགས་པ་རེད། སླད་ཕྱིན་ཁྲུང་ཆིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་དེས་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ་འགྲོ་སྐྱོད། སྨན་བསྟེན་སྨན་ཉོ། དམངས་ཕན་འཚོ་བ་སོགས་ཀྱི་ཁྱབ་ཁོངས་ས་ཁོངས་སྒྲོལ་ནས་མཉམ་སྤྱོད་ཐུབ་རྒྱུ་ཡིན་པ་མ་ཟད། ད་དུང་ཁྲུང་ཆིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་གཱ་ཡོད་མཁན་མང་ཚོགས་ལའང་དངོས་ཕན་དང་སྟབས་བདེ་དེ་བས་མང་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

    བྱེད་སྒོ་འགོ་ཚུགས་རྗེས། ས་གནས་གཉིས་ཀྱི་སྤྱི་ཚོགས་འགན་བཅོལ་གཱའི་ལས་སྒོ་ཀུན་གཉེར་ཐུབ་རྒྱུ་ཡིན་ཞིང་། དེའི་ནང་གཱ་ལེན་ཞུ་དང་། གཱའི་སྤྱོད་ནུས་སློང་བ། གཱ་གསབ་བརྗེས། གཱའི་ཆ་འཕྲིན་འགྱུར་ལྡོག གཱའི་གནས་ཚུལ་འདྲི་རྩད། གཱ་བོར་བརླག་ཐོ་འགོད་དང་ཐོ་འགྲོལ། གཱའི་གསང་ཨང་བཟོ་བཅོས་དང་བསྐྱར་བཟོ། གློག་རྡུལ་གྱི་སྤྱི་ཚོགས་འགན་བཅོལ་གཱ་ཆོག་མཆན་བཀོད་ནས་སྤྲོད་པ་སོགས་ལས་སྒོ་ཁག་10ཚུད་ཡོད་པ་རེད།

    དེ་དང་མཉམ་དུ་བཏོན་པའི་དམངས་ཕན་བྱེད་སྒོ་དེ་རིག་གནས་ཡུལ་སྐོར་དང་། འགྲིམ་འགྲུལ་འགྲོ་སྐྱོད། དམངས་ཕན་སྒོ་རྩིས་ཚོང་ཁང་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་ནས་2024ལོའི་ཟླ་9པ་ནས་བཟུང་ཁ་གསབ་མ་དངུལ་བེད་སྤྱོད་བྱས་མ་ཚར་བར་སྤྱོད་ཆོག ས་གནས་གཉིས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་མཁན་གྱིས་སྤྲིན་རྩིས་མྱུར་སྤྲོད་APPཕབ་འཇུག་བྱས་ནས་སྤྱི་ཚོགས་འགན་བཅོལ་གཱའི་དངུལ་ཁང་གི་རྩིས་ཁྲ་དང་མགོ་སྦྲེལ་བྱས་རྗེས། གཱ་དྲད་མ་ཐག་འབྲེལ་ཡོད་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།