དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲིམས་སྐྱོང་གི་ཉི་འོད་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་འཕྲོ་བར་བྱས་པ།

    —— རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30སོང་བའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-14

    1994ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཡོད། བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ལོ་30ཡི་རིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་མང་པོ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་ཡོང་ནས་གངས་ལྗོངས་ས་མཐོར་འབད་འཐབ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱས་ཏེ། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་བཅའ་ཁྲིམས་ལྟ་སྐུལ་ཞབས་ཞུར་བརྟེན་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”འགན་ལེན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་འཛིན་གྱི་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད།

    ལོ་30ཡི་རིང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོས་ཤེས་ལྡན་ལས་བྱེད་པའི་རོགས་སྐྱོར་འགག་རྩར་བརྩི་བ་དང“བརྒྱུད་རོགས་ཁྲིད་གསུམ”ཤུགས་རྒྱག་སར་བྱས་ནས། བོད་ཀྱི་ཞིབ་དཔྱོད་དཔུང་ཁག་གི་བྱང་ཚད་མཐོ་རུ་དང་འཇོན་ཐང་རྒྱུན་མཐུད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་གཞོན་ལས་བྱེད་པ་98ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དུ་གནས་སྦྱར་སྦྱོང་བརྡར་ལ་མངགས་པ་དང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོས་ཕུལ་བྱུང་ཤེས་ལྡན་པ་1007དང་574སོ་སོར་འདེམས་གཏོང་བྱས་ཏེ“ལས་ཚབ་མངགས་རེས”དང“གྱོད་སྦྲེལ་སྦྱོང་བརྡར”སོགས་ཀྱི་བྱ་ཐབས་ཐོག་ནས་ཆབ་སྲིད་ཀྱི་ཞུན་བརྡར་དང་། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་ལས་སྒོའི་རྐང་འཛིན་པ་འབོར་ཆེན་བོད་དུ་གྱོད་གཞི་སྒྲུབ་གཉེར་གྱི་མཛུབ་ཁྲིད་ལ་ཡོང་ནས། བོད་ལ“ནམ་ཡང་གནས་ཐུབ་པའི”ཤེས་ལྡན་པའི་དཔུང་ཁག་གཅིག་གསོ་སྐྱོང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐོབ་མཁན། ཕུལ་བྱུང་གཞུང་གཏུག་མཁན་བཅས་ཀྱིས་མཚོན་བྱེད་དུ་བྱེད་པའི་སྔོན་ཐོན་མི་སྒེར་དང་ཚོགས་སྤྱི་ཁག་གཅིག་ཐོན་ཡོད།

    ལོ་30ཡི་རིང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིབ་དཔྱོད་ལས་ཁུངས་ཀྱིས“རོགས་ཁྲིད”ལས“ཚབ་སྒྲུབ”མི་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཉམས་གསོར་སྐུལ་འདེད་ཀྱི་ས་ཞིང་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་སོགས་གལ་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་ཁག་གཅིག་བདེ་བླག་ངང་བསྒྲུབས་པ་བརྒྱུད་གྱོད་གཞི་གཅིག་ཐག་གཅོད་དང་། རིགས་གཅིག་ལ་སྐུལ་ཁྲིད། ཡུག་གཅིག་ལ་མཛུབ་ཁྲིད་བཅས་ཐུབ་ཡོད། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་སྐྱོར་ལས་སྒོའི་རྐང་འཛིན་པ་གཙོ་བོར་བྱས་པའི“གཅིག་འཐུས་རྣམ་པའི”རོགས་སྐྱོར་ཚོགས་ཆུང་བཙུགས་ཏེ་ས་གནས་ས་ཐོག་ཏུ་དཔྱད་བཤེར་དང་། གྱོད་དཔེ་ཞིབ་བསྡུར། གྱོད་དཔེ་རྐྱང་མ་མཉམ་དུ་བརྟག་དཔྱད་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་དུ་བསྐྱོད་ནས་རོགས་སྐྱོར་མཛུབ་ཁྲིད་བྱས་པ་དང་། “ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་བཅུ”དང“དམིགས་པ་དྲུག”སོགས་ཀྱི་ལས་ཀའི་བྱ་ཐབས་ཕྱོགས་སྡོམ་བྱས་ཡོད། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་ཞུ་མཁན་ཕྱོགས་གཉིས་པོས“འབྲེལ་མཐུད་གསུམ”གྱི་ལམ་སྲོལ་བཙུགས་ཏེ་དྲ་ཕྱིའི“ཆ་སྒྲིག”དང་དྲ་ཐོག་གི“འབྲེལ་མཐུད”ཟུང་འབྲེལ་དམ་ཟབ་བྱེད་པ་དང་། “དམར་ཁྲིད”རོགས་ཁྲིད་དང་དྲ་ཐོག་མཛུབ་ཁྲིད་གཉིས་ཀར་ཤུགས་བརྒྱབ་ནས་ཕྱོགས་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོའི་རོགས་སྐྱོར་མ་ལག་བསྐྲུན་ཡོད།

    བོད་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ལྷག་པར་དུ་གཞི་རིམ་ཞིབ་དཔྱོད་ལས་ཁུངས་ལ“མི་སེམས་གནས་ཐུབ་པའི”ཁོར་ཡུག་བཟང་པོ་ཞིག་གཏོད་པར་རོགས་རམ་བྱ་ཆེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིབ་དཔྱོད་ལས་ཁུངས་ཀྱིས་མ་དངུལ་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་དང་རྨང་གཞི་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་རོགས་རམ་བྱས་ཡོད། བོད་ཀྱི་རིམ་གསུམ་ཞིབ་དཔྱོད་ཁང་གི“ལས་ཁང་གཉིས”འཛུགས་སྐྲུན་ཡོངས་ཁྱབ་ལེགས་གྲུབ་བྱུང་ནས་གཞུང་དོན་དང་གྱོད་གཞི་སྒྲུབ་པའི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་བསྐྲུན་པ་དང་འབྲེལ་སྤྱོད་འགོ་ཚུགས་ནས་ལོ་ལྟར་ཞིབ་དཔྱོད་པ་2000ལྷག་ཙམ་གསོ་སྦྱོང་བྱེད་ཀྱི་ཡོད། བོད་སྐྱོར་མ་དངུལ་འཐབ་ཕྱོགས་དང་པོར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཞིབ་དཔྱོད་ཁང་གི“སེམས་དྲོད་ལྔའི”འདུ་འགོད་དང་དེ་བཞིན་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་སྔ་རྗེས་སུ་ལས་མཇུག་འགྲིལ་ཡོད། ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་ཞིབ་དཔྱོད་ཁང་གི་གཞུང་ལས་ཁུལ་35ཡི་ནང་ནས་21ལ་དྲོད་རླངས་མཁོ་འདོན་དང་9ལ་གསོ་རླུང་མཁོ་འདོན་བྱས་ཡོད། འཚོ་བའི་ཁུལ་23ལ་དྲོད་རླངས་མཁོ་འདོན་དང་7ལ་གསོ་རླུང་མཁོ་འདོན་བྱས་ནས་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་ཡོད།

    སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་བྱུང་བ་དང་བསྟུན། གློག་རྡུལ་ཅན་དང་ཆ་འཕྲིན་ཅན་ཕྱོགས་ཡོངས་ནས་ཁྱབ་གདལ་ཐུབ་པས་ཆ་འཕྲིན་ཚན་རྩལ་གྱི་རོགས་སྐྱོར་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་གནད་གསོ་སྦྱོང་དང་རིགས་གཅིག་མཁས་ཅན་མཛུབ་ཁྲིད་བྱེད་པར་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ“གཅིག་གྱུར་ལས་སྒོའི་ཉེར་སྤྱོད་མ་ལག”བོད་ཀྱི་རིམ་གསུམ་ཞིབ་དཔྱོད་ཁང་དུ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྤྱོད་པར་སྐུལ་འདེད་ཧུར་ཐག་བཏང་ནས། དྲ་བ་གཅིག་ནས་གྱོད་གཞི་ཚང་མ་དོ་དམ་དང་ཚང་མ་སྒྲུབ་ཐུབ་པར་བྱས་པས། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱ་ཁྱབ་སྤྱོད་པ་མ་ཟད་འཐུས་ཚང་དང་བློས་འགེལ་ཆོག་པའི་གཞུང་དོན་སྒྲུབ་པའི་གྱོད་སྒྲུབ་མཉེན་ཆས་མཁོ་འདོན་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱ་ཐབས་114རོགས་སྐྱོར་བྱས་པས“ཡིག་ཆ་ཀུན་གསལ”སོགས་རིག་ནུས་ཞིབ་དཔྱོད་ལས་དོན་གྱི་མཉེན་ཆས་རབ་དང་རིམ་པ་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་སྤྱོད་པ་དང་ཕན་འབྲས་ཐོན་པར་བྱས་ཏེ། ཁྲིམས་འཛིན་གྱོད་སྒྲུབ་རིག་ནུས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཕྱོགས་ཡོངས་ལ་ཁྱབ་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་བསྐྲུན་པའི་སྲིད་ཁྲིམས་སྡེ་ཚན་སྒྲོལ་བའི་གྲངས་གཞི་ཆེ་མོའི་མཉམ་སྒྲུབ་གྱོད་སྒྲུབ་ལས་སྟེགས་ཀྱིས་བོད་ཀྱི་སྲིད་ཁྲིམས་ཀྱི“གྲངས་གཞིའི་མྱུར་བགྲོད་གཞུང་ལམ”བཏོད་པས། བོད་ཀྱི་ཞིབ་དཔྱོད་ལས་དོན་རིམ་བཞིན་རིག་ནུས་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད།

    ལོ་30ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་འདི་དག་ལས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། བོད་ཀྱི་ཞིབ་དཔྱོད་པ་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་པ་ཡང་མངོན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།