དབུ་ཤོག
  • དོ་སྣང་གནང་རོཌ། སྨན་ཁང་འདིའི་ཨང་ཀི་གློད་པའི་དུས་ཚོད་འགྱུར་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-09-13

    གུས་པར་འོས་པའི་རྒྱ་ཆེའི་ནད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམ་པ། 

    མི་དམངས་མང་ཚོགས་ཀྱི་ནད་གཞི་བསྟེན་པའི་དགོས་མཁོ་ལེགས་པར་བསྐངས་ཏེ་སྨན་བཅོས་དེ་བས་སྟབས་བདེ་ཡོང་ཆེད། དེ་རིང་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་གི་ཨང་ཀི་སྔོན་ལ་བཀག་པའི་མ་ལག་ནས་ཨང་ཀི་གློད་པའི་དུས་ཚོད་འགྱུར་ལྡོག་གཏོང་རྒྱུ་སྟེ། དཔེར་ན་གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་དགོང་མོའི་ཆུ་ཚོད་8པ་ནས་བཟུང་གཟའ་འཁོར་རྗེས་མའི་རེས་གཟའ་ཕུར་བུའི་ཨང་གྲངས་སྔོན་ནས་བཀག་ཆོག་པ་དང་དེ་ལྟར་དུས་ཚོད་རིམ་པ་བཞིན་འདེད་ན་ཆོག་པས་དམིགས་སུ་བརྡ་ཐོ་འདི་བཏང་བ་ཡིན།

    ཤ་ཚའི་དྲན་སྐུལ།

    ༡. སྨན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས“བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས”ལ་དོ་ཁུར་བྱས་ནས་ཨང་ཀི་གློད་པའི་ཆ་འཕྲིན་གསར་ཤོས་ལ་ལྟ་དགོས།

    ༢. ཨང་ཀི་བཀག་སྐབས་མི་སྒེར་གྱི་ཆ་འཕྲིན་མ་ནོར་བ་འབྲི་དགོས་པ་མ་ཟད། ཨང་ཀི་བཀག་པའི་དུས་ཚོད་ལྟར་སྨན་ཁང་དུ་སྨན་པ་བསྟེན་པར་ཡོང་སྟེ་སྨན་བཅོས་དུས་ཚོད་མི་ཡོལ་བ་བྱེད་དགོས།

    ༣. གལ་ཏེ་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་སྨན་བཅོས་དུས་ཚོད་འགྱུར་ལྡོག་གཏོང་དགོས་པའམ་ཡང་ན་སྔོན་དུ་བཀག་པའི་ཨང་ཀི་མེད་པ་བཟོ་དགོས་ཚེ། ངེད་སྨན་ཁང་གི་ཨང་ཀི་བཀག་པའི་ལས་སྟེགས་ནས་ཨང་ཀི་སློག་ཆོག་ལ། ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་དང་པོ་ནས་ཨང་ཀི་སློག་ནའང་ཆོག

    ༤. སྨན་བཅོས་ཐོན་ཁུངས་གཞུང་དྲང་ཆ་སྙོམས་ཡོང་བའི་འགན་ལེན་བྱ་ཆེད། སྨན་ཁང་གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། རྐང་བཙུགས་ནས་ཨང་ཀི་ཧབ་ཐོབ་རྒྱག་པ་དང་སྨན་བཅོས་ཐོན་ཁུངས་ཧམ་བཟུང་བྱེད་པ་སོགས་ཀྱི་བྱེད་སྤྱོད་མི་ཐོན་པར་བྱེད་དགོས།

    ༥. གལ་ཏེ་གནད་དོན་ནམ་ཡང་ན་དོགས་གཞི་གཞན་དག་ཡོད་ཚེ་ལས་ཀའི་དུས་ཚོད(སྔ་དྲོ།9:30-13:00 ཕྱི་དྲོ།15:30-18:00)བར་ལ་སྒོ་བསྟེན་སྨན་ཁང་གི་ཁ་པར་ཨང་གྲངས་6371626དང་6371928ལ་འབྲེལ་བ་བྱེད་པའམ་ཡང་ན་སྨན་ཁང་དུ་ཡོང་ནས་བློ་འདྲི་བྱས་ནའང་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།