དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལས་སྟེགས་ཁེ་ལས་10ལ་བཟོ་ཚོགས་ཀྱི་རྩ་འཛུགས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-13

     ཟླ་9ཚེས་9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒྲིག་འཛུགས་མཐུན་སྦྱོར་དང་། སྟོབས་ཤུགས་མཐུན་སྦྱོར། བྱ་ཐབས་མཐུན་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་རྣམ་པ་གསར་པའི་ལས་སྟེགས་ཁེ་ལས་10ལ་བཟོ་ཚོགས་རྩ་འཛུགས་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    རྒྱལ་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་རྗེས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་དོན་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས། རིམ་ཁག་བཟོ་ཚོགས་སྒྲིག་འཛུགས་བྱས་ཏེ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་བཟོ་ཚོགས་ནང་ཞུགས་པའི་དམིགས་ཚད་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་རེད། དེ་དང་དུས་མཚུངས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་གཞུང་ལས་ཚོགས་འདུ་དང་ཏང་ཙུའི་ཚོགས་འདུ་འཚོགས་ནས་ལོ་འཁོར་གྱི་སྔོན་རྩིས་དུས་ཐོག་ཏུ་ལེགས་སྒྲིག་དང་ལས་ཀའི་གྲོན་དངུལ་འགན་ལེན་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་11གིས་ཚད་མཐོའི་མཐོང་ཆེན་དང་། གཞོགས་འདེགས་ཧུར་ཐག རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ལས་སྟེགས་ཁེ་ལས་ཀྱི་བཟོ་ཚོགས་འཛུགས་པ་དང་དེའི་ནང་ཞུགས་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།