དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    འདི་ནི་ལྷ་གཞིས་ལྕགས་ལམ་ཐོག་སྐྱོད་བཞིན་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཡིན་པ།

    འདི་ནི་གཞིས་རྩེ་བབས་ཚུགས་ནས་ལྷ་སར་ཐོན་གྲབས་ཡོད་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཡིན་པ།

    འདི་ནི་གཞིས་རྩེ་བབས་ཚུགས་སུ་འགྲུལ་པས་གོ་རིམ་ལྡན་པའི་ངང་མེ་འཁོར་ནང་འཛུལ་བཞིན་པ།

    འདི་ནི་གཞིས་རྩེའི་བབས་ཚུགས་ནུབ་མའི(ཟོག་འདྲེན་བབས་ཚུགས)ཟུར་ཞིག་ཡིན་པ།

    འདི་ནི་དབྱར་གཞུང་དུ་གཞིས་རྩེ་བབས་ཚུགས་ཀྱི་ཐང་ཆེན་དུ་མེ་ཏོག་ལྷུག་པོར་བཞད་པ།

    འདི་ནི་གཞིས་རྩེ་བབས་ཚུགས་ཀྱི“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”དང་གཞོན་ནུ་དང་བླངས་པས་དམིགས་བསལ་འགྲུལ་པར་སེམས་རྩ་འཁོལ་བའི་ཞབས་ཞུ་སྒྲུབ་བཞིན་པ།

    2014ལོའི་ཟླ་8ཚེས་16ཉིན་ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕཌ་ལམ་ནི་རྒྱལ་ཁབ་ཀྱི་ལྕགས་ལམ་རིམ་པ་དང་པོའི་འགྲུལ་པ་དང་དངོས་ཟོག་མཉམ་དུ་སྐྱེལ་འདྲེན་བྱེད་པའི་ལྕཌ་ལམ་ཞིག་ཡིན་ལ། བོད་ཀྱི་ལྕཌ་ལམ་དྲ་བའི་ནང་ཤར་སྣེ་ནུབ་མཐུད་ཀྱི་ས་ཁུལ་དབར་གྱི་ལྕགས་ལམ་ཨ་མ་ཞིག་ཀྱང་རེད།

    བོད་ལྗོངས་གཞིས་རྩེ་བབས་ཚུགས་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་དུ་ཡོད་ལ་ལྷ་གཞིས་ལྕགས་ལམ་གྱི་བབས་ཚུགས་མཐའ་མ་དེའང་རེད། ལོ་བཅུའི་རིང་གཞིས་རྩེ་མེ་འཁོར་བབས་ཚུགས་ཀྱིས་བདེ་འཇགས་ལྡན་པ་དང་། ལས་ཕྱོད་ཆེ་བ། ཞབས་ཞུ་ལེགས་པ་བཅས་ཀྱི་ཐོག་ནས་འགྲོ་སྐྱོད་སྐྱེལ་འདྲེན་གྱི་ལེའུ་གསར་པ་བརྩམས་པ་དང་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་600ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད། 2023ལོར་འགྲུལ་པ་མི་ཐེངས་ཁྲི་66.6དང་དངོས་ཟོག་ཏུན་ཁྲི་2.5སྐྱེལ་འདྲེན་བྱས་ཤིང་། གྲངས་གཞི་དེ་གཉིས་ལྕགས་ལམ་ཤར་གཏོང་ཐུབ་པའི་ལོ་དང་པོ་ལས་97.6%དང་250%སོ་སོར་འཕར་བ་རེད།

    གཞིས་རྩེ་ནི་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་ལ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་སྲོལ་རྒྱུན་གྱི་ཚོང་དོན་བགྲོད་ལམ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་ལྟེ་བའི་གྲོང་ཁྱེར་ཞིག་ཀྱང་ཡིན་པས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོཌ་པོ་ཡོད།

    “ལོ་10ཡི་རིང་ངས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་གྲངས་མེད་ལ་ཞབས་འདེགས་ཞུ་རྒྱུ་བྱུང་། ལྕགས་ལམ་ཤར་གཏོང་ཐུབ་པ་ལས་ཕ་ཡུལ་གཞིས་རྩེར་ཉིན་རེ་ལས་མ་འདས་པར་འཕོ་འགྱུར་ཕྱིན་སོང་། སླད་ཕྱིན་ངས་མུ་མཐུད་ལས་གནས་བརྟན་སྲུང་བྱས་ཏེ་འབད་བརྩོན་ལྷོད་མེད་བྱས་ནས་ཡུལ་སྐོར་བ་ཚང་མར་དྲོ་སྐྱིད་དང་བློ་བདེ་བག་ཕེབས་ཀྱི་འགྲུལ་བཞུད་ཅིག་ཡོང་བར་བྱེད་ཀྱི་ཡིན། ལྷ་གཞིས་ལྕགས་ལམ་བསྐྲུན་པ་ལས་ཕ་ཡུལ་དེ་བས་དར་རྒྱས་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གཞིས་རྩེ་བབས་ཚུགས་ཀྱི་ལས་བཟོ་ཁག་དང་པོའི་གྲས་ཡིན་པའི་སྤེན་པ་ཆུང་བདག་གིས་བཤད།

    སྤེན་པ་ཆུང་བདག་གིས། ལྷ་གཞིས་ལྕགས་ལམ་བསྐྲུན་པ་ནས་བཟུང་མཐའ་འཁོར་མང་ཚོཌ་ཀྱིས་མེ་འཁོར་བབས་ཚུཌ་སུ་ལས་ཀ་བྱེད་པ་དང་། ཚོང་ཁང་འཛུགས་པ། ཡུལ་སྐོར་སྣེ་ཤན་པ་བྱེད་པ། ཟོག་འགྲེམས་ལས་ཀ་བྱེད་པ་སོགས་ལ་བརྟེན་ནས་ཡོང་འབབ་བསགས་པས་ཁྱིམ་ཚང་གི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གཞིས་རྩེར་ལས་ཀ་བྱེད་མཁན་གྲོང་མི་ངག་དབང་གིས“ལྷ་སར་གཞུང་དོན་སྒྲུབ་པར་འགྲོ་རིམ་བཞིན་ནང་མི་ཚོས་ང་ལ་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་ཞེས་མངགས་བྱ་བྱེད་ཀྱི་ཡོད། མེ་འཁོར་ལ་བསྡད་ན་བདེ་འཇགས་དང་སྐྱིད་སྣང་དོད་པ་ཙམ་མ་ཟད་ད་དུང་སྟབས་བདེ་བ་དང་གདལ་གླ་ཡང་མཐོ་པོ་མེད། དེ་ནི་ང་རང་མེ་འཁོར་ལ་སྡོད་པའི་རྒྱུ་མཚན་གཙོ་བ་དེ་ཡིན”ཞེས་བཤད།

    “འདས་ཟིན་པར་ཕྱིར་མིག་བལྟས་ཚེ་ལྷ་གཞིས་ལྕགས་ལམ་ལ་ཐོབ་པའི་གྲུབ་འབྲས་ལ་ང་རང་སྤོབས་པ་སྐྱེ་ཡི་འདུག འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ལག་རྩལ་གསར་གཏོད་དང་། ཁོར་ཡུག་སྲུང་སྐྱོང་། ཁྲོམ་ར་ཅན་གྱི་གཉེར་སྐྱོང་སོགས་ཐད་ལྷ་གཞིས་ལྕགས་ལམ་ལ་ཚད་བརྒལ་དེ་བས་ཆེ་བ་བྱུང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གཞིས་རྩེ་བབས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།