དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    བོད་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    ཟླ་9ཚེས་10ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་བདེ་པུས་2024ལོ་དེ་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལོར་བརྩི་རྒྱུའི་གཏན་འཁེལ་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཡུན་ལོ་གཅིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཚུན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་དང་ལེན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། དྲ་རྒྱའི་ཐོག་དཀྲོག་གཏམ་བཟོ་བ་དང་བརྒྱུད་སྤེལ་བྱེད་པ་སོགས་དྲ་རྒྱ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པས། དུས་མཚམས་རང་བཞིན་གྱི་ལས་ཀར་ཕན་འབྲས་ཐོན་ཡོད་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྟོབས་ཤུགས་གཙོ་བོ་བཏང་སྟེ་ཆེད་དོན་བྱ་སྤྱོད་སྣེ་ཁྲིད་དུ་བྱས་ནས་དྲ་ཐོག་གི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ལ་ནུས་པ་དང་ཕན་འབྲས་ཐོན་རྒྱུར་རམ་འདེགས་བྱས་ཤིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་གྱི་ཆ་འཕྲིན་ཁྲི་1.3ལྷག་ཙམ་གཙང་བཤེར་བྱས་པ་དང་། དྲ་རྒྱའི་དཀྲོག་གཏམ་རིགས་ཀྱི་གྱོད་གཞི་69མྱུལ་ཞིབ་ཐག་གཅོད་བྱས་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཨང་རྟགས་65ཁྲིམས་ལྟར་བཀག་འགོག་བྱས་ཡོད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་དྲིལ་བསྒྲགས་མུ་མཐུད་སྤེལ་བ་དང“དྲ་ཐོག་དང་དྲ་ཕྱི”ཟུང་དུ་འབྲེལ་བའི་དྲིལ་བསྒྲགས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས“དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་སྤེལ་བ”བཅས་བྱས་ཏེ་མཉམ་དུ་དྲ་རྒྱའི་དཀྲོག་གཏམ་འགོག་པའི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་ཡོད། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན། དཔེ་མཚོན་གྱོད་དཔེ་26དམར་འདོན་བྱས་པ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་པར་རིས་དང་བརྙན་ལམ་1800ཁྱབ་བསྒྲགས་བྱས་པ་དག་དྲ་དམངས་ཀྱིས་ལྟ་ཀློག་བྱེད་ཚད་མི་ཐེངས་ཁྲི་2600ཟིན་པ། སྔ་རྗེས་སུ་དྲ་ཕྱིའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་650ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་20ལ་ཕན་པ་ཐོབ་ཡོད་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཆེད་དོན་བྱ་སྤྱོད་གཞི་རྟེན་དུ་བྱས་ཏེ་དྲ་ཐོག་གི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ལ་ནུས་པ་དང་ཕན་འབྲས་ཐོན་རྒྱུར་རམ་འདེགས་བྱས་ཤིང་། དྲ་རྒྱའི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པའི་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ་དྲ་རྒྱའི་ཐད་གཏོང་དང་། བརྙན་ཐུང་རྫུན་བཟོ། མ་རབས་ཟང་ཟིང་གི་སྣང་ཚུལ་བཅས་ལ་དམིགས་ནས་གཅིག་སྡུད་ཐོག་གཙང་བཤེར་བཅོས་སྒྲིག་བྱས་པ་རེད། གནད་དོན་ཡོད་པའི་དྲ་རྒྱའི་སྙན་སྒྲོན་པ་གཙོ་བོ་36ཁྲིམས་ལྟར་སྐོང་འདྲི་བྱས་པ་དང་མི་14ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁག་210མྱུལ་ཞིབ་ཐག་གཅོད་བྱས་པ་དང་ཉེས་གསོག་དོགས་ཅན་270ལྷག་ཙམ་འཛིན་བཟུང་བྱས་ནས་ཉེས་གསོག་པའི་རྫིག་ཉམས་ནུས་ལྡན་ངང་ཟིལ་གནོན་བྱས་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྩ་ལག་མཉམ་བཅོས་ཀྱིས་ཆེད་དོན་བྱ་སྤྱོད་འདེགས་སྐྱོར་དུ་བྱས་ནས་དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ནུས་པ་དང་ཕན་འབྲས་ཐོན་རྒྱུར་རམ་འདེགས་བྱས་ཤིང་། དྲ་རྒྱའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་དང་སྲིད་འཛིན་ཁྲིམས་འཛིན་རྒྱུན་མཐུད་སྒྲིག་འཛུགས་བྱས་ནས་སྤེལ་ཏེ“གྱོད་གཅིག་ཉིས་བཤེར”གཏིང་ཟབ་ཏུ་གཏོང་བ་དང་། དྲ་རྒྱའི་ཁེ་ལས་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་རྒྱུན་ཆད་མེད་པར་ནན་དུ་གཏོང་བ། དྲ་རྒྱའི་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དྲ་རྒྱའི་དཀྲོག་གཏམ་ཐོན་ས་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ཡོད། དེ་དང་ཆབས་ཅིག དྲ་འཕྲིན་སོགས་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་ཧུར་ཐག་བཙུགས་ནས་ཡོངས་བསྒྲགས་དོ་དམ་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཡོད། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་དྲ་སྦྲེལ་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་600ལྷག་ཙམ་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དང་འོས་འགན་མི་སྒྲུབ་པའི་དྲ་ཚིགས་ལས་སྟེགས་ཀྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐོང་འདྲི་བྱེད་པ་དང་། ཐ་ཚིག་སྒྲོག་པ། དག་ཐེར་བྱེད་དགོས་པའི་བཀའ་གཏོང་བ། དངུལ་ཆད་གཅོད་པ་སོགས་ཀྱི་བཅོས་སྒྲིག་བྱ་ཐབས(ཐེངས)41སོ་སོར་སྤྱད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།