དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཁེ་ལས་14ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས(གཤམ་དུ“ཞབས་ཞུའི་ཉོ་ཚོང་ཚོང་འདུས”ཞེས་བསྡུ་རྒྱུ)ཚེས་12ཉིན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱིས“སྲིད་གཞུང་ཚོགས་པ་དང་འགྲེམས་གྲོས་ཚོགས་པ་ཟུང་འབྲེལ(འགྲེམས་ཚོང་ཚོགས་པ་དང་ཚོང་འགུགས་ཚོགས་པ་ཟུང་འབྲེལ)བྱེད་པའི་རྣམ་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཉོ་ཚོང་ཚོགས་པ་བཙུགས་ཏེ་སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ལ་ཞུགས་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་དམངས་སྤྱོད་མཁའ་འགྲུལ་དང་། འགན་བཅོལ། དངུལ་ཁང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་ཚུད་པའི་ཁྱད་ལྡན་ཞབས་ཞུའི་ཁེ་ལས་14འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས་ས་མཐོའི་ཁྱད་ལྡན་ཞབས་ཞུའི་ཐོན་རྫས་ཁག་100ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད།

    སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་དེ་ཟླ་9ཚེས་12ནས་16ཉིན་བར་འཚོག་རྒྱུ་ཡིན་ཞིང་། དེས“གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ། གཉིས་ཕན་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“དྲ་ཕྱི་དང་དྲ་ཐོག་ཟུང་འབྲེལ”དང“ཕྱོགས་བསྡུས་དང་ཆེད་དོན་ཟུང་འབྲེལ”གྱི་ཚོང་འདུས་གཉེར་སྟངས་སྤྱད་དེ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། མཉམ་ལས་ཟབ་ཏུ་གཏོང་བ། གསར་གཏོད་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཧུར་ཐག་གཏོད་རྒྱུ་རེད། སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཐོག་འགྲེམས་སྟོན་དང་། ངོ་འཕྲད་གྲོས་མོལ་འོས་སྦྱོར། གྲུབ་འབྲས་ཡོངས་བསྒྲགས། ལེ་ལག་ཚང་བའི་བྱེད་སྒོ་སོགས་ཀྱང་སྤེལ་རྒྱུ་རེད།

    འགྲེམས་སྟོན་ལ་ཞུགས་པ་ཕུད་རང་ལྗོངས་ཀྱིས་ད་དུང་མཐོ་གསར་གྲངས་འཛིན་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་འཇོག་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། མ་འཇོག་ཁོར་ཡུག སྲིད་ཇུས་ཀྱི་ཁེ་སྤོགས་བཅས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་གྱིས་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ནང་གི་རང་ལྗོངས་ཀྱི་ཁེ་ལས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་རོགས་ཟླ་དེ་བས་མང་བའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་ཁེ་ལས་བོད་དུ་མ་འཇོག་དང་བྱ་གཞག་གསར་གཏོད་ལ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།