ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད།
《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》དམག་ཡོངས་ལ་བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་ཀྲུང་ཤའོ་དམག་དཔོན་ཡན་གྱི་དམག་དཔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་ཡང་དག་ངང་སློབ་སྦྱོང་དང་གོ་བ་ལེན་རོགས་བྱེད་པ་དང་། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་ལ་གོ་བ་གཏིང་ཟབ་ལེན་པ། རྒྱང་ལམ་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུད་ཀྱི་ཆབ་སྲིད་ལས་དོན་པུས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》(གཤམ་དུ《བདམས་བསྒྲིགས》ཞེས་བསྡུ་རྒྱུ)རྩོམ་སྒྲིག་པར་འདེབས་བྱེད་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཉེ་ཆར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
《བདམས་སྒྲིག》ནང་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དབུ་རྩོམ་ལ་བཞག་པ་དང་། རྩོམ་ཡིག་གཞན་རྣམས་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཤིང་། དེའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་རྩོམ་ཡིག་ཁྱོན་89བསྡུས་ཏེ། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་ཀྱི་འཕེལ་རིམ་དང་། ཕུན་སུམ་ཚོགས་པའི་ནང་དོན། དུས་རབས་ཀྱི་བླང་བྱ། ལག་ལེན་གྱི་ཐབས་ལམ་བཅས་ཕྱོགས་ཡོངས་ནས་མངོན་ཡོད།
ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་ནས་བླང་བྱ་བཏོན་དོན། དམག་ཡོངས་ཀྱིས་ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ《བདམས་སྒྲིག》སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུ་སྒྲིག་འཛུགས་ནན་ཏན་བྱས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། “ལྷག་བསམ་རྣམ་དག་གིས་སེམས་པ་ཏང་ལ་ཕྱོགས། འབད་འབུངས་མདུན་སྐྱོད་ཀྱིས་ལས་འགན་ཧུར་ཐག་སྒྲུབ”པར་དམིགས་ནས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། དཔོན་དམག་ཚོར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས། 《བདམས་སྒྲིག》སློབ་སྦྱོང་བྱེད་པ་དེ་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོ། སློབ་གླིང་དང་སློབ་གྲྭའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་བཅས་སུ་བཅུག་ནས། ལས་བྱེད་པའི་རིགས་པའི་གཞུང་ལུགས་གསོ་སྦྱོང་སྐོར་སྦྱོང་དང་ཆབ་སྲིད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་སོགས་རིམ་པ་དབྱེ་ནས་སྒྲིག་འཛུགས་བྱས་ཏེ་བསླབ་གཞི་འདི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འབུར་དུ་ཐོན་པར་བྱེད་དགོས། རྒྱ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་དཔུང་གི་གསར་འགྱུར་སྨྱན་སྦྱོར་གྱིས་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་རང་ངོས་ཀྱི་སློབ་སྦྱོང་གྲུབ་འབྲས་སྤྱད་དེ་གཞི་རིམ་དཔོན་དམག་ལ་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བཅས་བྱས་ཏེ། སློབ་སྦྱོང་དང་ལག་ལེན་གྱི་རྣམ་པ་ཟབ་ཏུ་གཏོང་དགོས། བསམ་བློ་བསྒྱུར་བཀོད་ཀྱི་རང་རྟོགས་རང་བཞིན་དང་མཐར་ཕྱིན་རང་བཞིན་ཆེ་རུ་བཏང་ནས། མཐོ་རིམ་ལས་བྱེད་པར་སྔོན་ལ་སློབ་གསོ་ཐེབས་པ་དང་སློབ་གསོ་དངོས་འབྲེལ་ཐེབས་པ་མཐའ་འཁྱོངས་ཀྱིས་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ།
ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་འཇོན་ཐང་ལ་ཉམས་སད་ཐེག་པའི་ཏང་རྩ་འཛུགས་སྟོབས་ཆེན་འཛུགས་སྐྱོང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་དམག་དཔུང་བཙུགས་ནས་ལོ་100འཁོར་བར་བསུ་བ་ཞུ་དགོས།