དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུས་2024ལོའི“དགེ་རྒན་ཡག་ཤོས”མཉམ་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-13

    སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་གྱི་རྣམ་པ་ཟབ་མོ་གཏོད་པ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་བྱ་ཆེད། དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པ་འཆར་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུས་སྤྱི་ཚོགས་ཡོངས་ལ་2024ལོའི“དགེ་རྒན་ཡག་ཤོས”ཁྱབ་བསྒྲགས་བྱས་པ་རེད།

    ལི་ཞའོ་ཁུན་དང་། ཝང་ཧྥེན། ལིའུ་ཧྭ་ཏུང་། ཡུས་ཅེ། ཕེང་ཡུས་ཧྲེང་། ཧོང་ལིའུ་ཕིང་། ཀྲོའུ་ཧྲུའུ་ཆང་། ཀྲོའུ་ཤིང་ལུའུ། ཀའོ་ཅིན་རུང་། ཀྲོའུ་ཞའོ་ལིང་སོགས་མི་སྒེར་དང་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་གློག་ཁབ་ལེན་ཀུན་འདུས་ལག་རྩལ་གསར་གཏོད་དགེ་རྒན་ཚོགས་པ་གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད། ཁོང་ཚོས་བདག་ལས་གཞན་གཅེས་ཀྱི་བསམ་པའི་ཐོག་ནས་རང་འཁྲིའི་ལས་ལ་བརྩོན་པ་དང་བྱམས་སེམས་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་ལག་ལེན་བསྟར་ཞིང་། ལ་ལས་ལོ་མང་རིང་སློབ་ཁྲིད་ཀྱི་འཐབ་ས་དང་པོར་གཞི་ཚུགས་ནས་ལས་གནས་བརྟན་པོར་བསྲུངས་ཐོག གཅེས་སེམས་དང་བློ་གྲོས་ལ་བརྟེན་ནས་སློབ་མ་འཚར་ལོངས་ཀྱི་ཕུགས་འདུན་མངོན་འགྱུར་བྱས་པ་དང་། ལ་ལས་སྨན་རྫས་རིག་པའི་སློབ་གསོ་གཏིང་ཟབ་སྤེལ་ནས་སྐྱེ་དངོས་སྨན་བཟོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་བཏང་བ། ལ་ལས་ལག་ལེན་ཁྲོད་མི་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཡུན་རིང་པོ་ས་ཡུལ་དངོས་ཀྱི་གནའ་རྫས་རྟོག་ཞིབ་སློབ་ཁྲིད་ལ་འབད་འཐབ་བྱས་ནས་གནའ་རྫས་རྟོག་ཞིབ་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གཞོལ་བ། ལ་ལས་བྱིས་པའི་སློབ་གསོར་དམིགས་ནས་སློབ་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ་ཕྲུ་གུ་ཚོར་འཚར་ལོངས་ཀྱི་ཁོར་ཡུག་བཏོད་པ། ལ་ལས་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱས་ཤིང་། བཟོ་བོའི་སྙིང་སྟོབས་ལ་བརྟེན་ཏེ་སློབ་མ་ཚོར་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་རྒྱུའི་ལྕག་སྐུལ་བྱས་པ། ལ་ལ་དམིགས་བསལ་སློབ་གསོའི་བྱ་གཞག་ལ་ཤིན་ཏུ་དགའ་ཞིང་། སེམས་ནུས་ཡོད་རྒུས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་ལྟ་སྐྱོང་བ་ཡག་པོ་ཞིག་བྱས་པ། ལ་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཧུར་ཐག་གཏོང་བ་དང་ཞབས་བྲོའི་ཤེས་ལྡན་པ་གསོ་སྦྱོང་ཡག་པོ་བྱས་ནས་ཀྲུང་གོའི་ཞབས་བྲོའི་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་པ། ལ་ལས་ཚན་རྩལ་གསར་ཤོས་ལ་དམིགས་ཏེ་ཚན་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་ཡར་བརྩོན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུས་པ་ལ་སོགས་ཁོང་ཚོའི་སྔོན་ཐོན་བྱས་རྗེས་ཐོག་ནས་དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གཅིག་སྡུད་ཐོག་མཚོན་ཡོད།

    ཁྱབ་བསྒྲགས་མཛད་སྒོའི་ཐོག“དགེ་རྒན་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་ཏེ་ཕྱོགས་མི་འདྲ་བའི་ཐོག་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་མྱོང་ཚོར་བརྗོད་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“དགེ་རྒན་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།