དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་ལས་དོན་སྐོར་ལ་བརྡ་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-12

    ཉིན་ཤས་གོང་ཕྱི་འབྲེལ་པུས་རང་རྒྱལ་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་ལས་དོན་སྐོར་ལ་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་སུན་ཝེ་ཏུང་གིས་ཀྲུང་གོར་བཅའ་སྡོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཞུང་ཚབ་པ་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    སུན་ཝེ་ཏུང་གིས་ད་ལྟ་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་2024-2025ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཟིན་པ་དང་། སང་ལོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་གཉེར་བྱེད་རྒྱུ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཀྲུང་གོ་འཛུགས་པའི་ལས་དོན་གཏོད་ནང་ཞུགས་པ་དང་ཀྲུང་གོའི་གྲོང་ཁྱེར་གྱི་མིང་ཐོག་ནས་བཏགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཐོག་མ་དེ་རེད། 2001ལོར་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”གཞི་འཛིན་སར་བྱས་ཏེ་གྲུབ་འབྲས་ཀྱིས་ཕྱུག་པའི་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་མིག་དཔེ་བཏོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།