དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་8པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32882ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-12

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་8པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32882ཟིན་པ་དེ་ཟླ་7པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་318འཕར་ནས་འཕར་ཚད་0.98%ཟིན་ཡོད། ཟླ་8པར། དཔལ་འབྱོར་སྒྲིག་གཞི་གཙོ་བོའི་གཞི་ཆེའི་གྲངས་གཞི་དང་དངུལ་ལོར་སྲིད་ཇུས་ཀྱི་སྔོན་དཔག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་དབང་གིས་ཨ་སྒོར་གྱི་སྟོན་གྲངས་ཆག་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་སྤྱིའི་ཆ་ནས་འཕར་ཡོད། དངུལ་བརྗེས་འཛའ་ཐང་གི་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པའི་རྐྱེན་གྱིས་ཟླ་འདིའི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།