དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-12

    ཉེ་ཆར། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་འཚོལ་ཞིབ་བྱེད་པ་ནས་དངོས་སུ་བཙུགས་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་དང་འཕེལ་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    བདུན་བདར་དངོས་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་ཞིང་། གཙོད་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་། གསའ་1200ལྷག་ཙམ་བར་སླར་གསོ་ཐུབ་པ། བྱང་ཤར་སྟག་དང་བྱང་ཤར་གཟིག་གི་གྲངས་འབོར་ཚོད་ལྟ་བྱས་མ་ཐག་པའི་27དང་42ནས་70དང་80ཙམ་བར་མང་དུ་ཕྱིན་པ། ཧའེ་ནན་གྱི་སྤྲ་དཔུང་རིང་ཁྱུ་ཚོགས་ལོ་40ཡི་གོང་དུ་ཁྱུ་ཚོགས་2དང་མགོ་གྲངས་10ཡང་མེད་པ་ནས་ཁྱུ་ཚོགས་7དང་མགོ་གྲངས་42བར་མང་དུ་ཕྱིན་ཡོད་པ་རེད། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བརྟན་པོ་ཕྱིན་ཞིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་སྟེ་རི་སྐྱེས་དོམ་ཁྲའི་འཚོ་སྡོད་ཁུལ་70%ཡན་ལ་སྲུང་སྐྱོང་ཐུབ་པ་མ་ཟད། དོམ་ཁྲའི་ཁྱབ་ཆུང་ཁྱུ་ཚོགས་ཀྱི་སྐྱེ་ཁམས་བར་མཐོངས་13སྦྲེལ་མཐུད་ཐུབ་ཡོད་པ་རེད། དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱུང་ཞིང་། སྡེ་ཁུལ་གྱི་གྲོང་མི་ཁྲི་5ཙམ་སྐྱེ་ཁམས་བདག་སྐྱོང་བར་བསྡུས་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་རག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།