དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《མཛེས་སྡུག་ལྡན་པའི་ཀྲུང་གོའི(བཞི)》སྦྲག་རྟགས་དཀྱུས་མའི་པར་ཕུད་ལྷ་སར་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-12

    ཉེ་ཆར། 《མཛེས་སྡུག་ལྡན་པའི་ཀྲུང་གོའི(བཞི)》སྦྲག་རྟགས་དཀྱུས་མའི་པར་ཕུད་ལྷ་སར་འགྲེམས་སྤེལ་བྱས་པ་རེད།

    《མཛེས་སྡུག་ལྡན་པའི་ཀྲུང་གོའི(བཞི)》སྦྲག་རྟགས་ཁྱོན་6ཡོད་པ་དེ་དག་ཐོག་གི་རི་མོའི་མིང་ལ་ཧྲང་ཧའེ་ཡི་འབྲི་ཆུ་རྒྱ་མཚོར་འབབ་ཁ་དང་། ཅི་ལིན་གྱི་སུང་ཧྭ་མཚོ། ཡུན་ཁྲེང་གི་ཚྭ་མཚོ། ཕིང་ཤང་གི་ཝུའུ་ཀུང་རི་བོ། ལྷ་སའི་གནམ་མཚོ། ཚྭ་འདམ་ཆེ་བོའི་ཝུའུ་སུའུ་ཐུ(ཆུ་ཐོག)ཡཱ་ཏན་ས་གཤིས་ཅེས་ཟེར། བོད་ཀྱི་མུ་ཏིག་ལྟ་བུ་ཡིན་པའི་གནམ་མཚོ་ནི་ས་བབ་མཐོ་བ་དང་། མཚོ་རྒྱ་ཆེ་བ། ཡུལ་ལྗོངས་ལྟ་ན་སྡུག་པ་བཅས་ཡོད་པས་གང་སར་སྐད་གྲགས་ཆོད་ཡོད། གནམ་མཚོ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཚྭ་མཚོ་དང་། ཀྲུང་གོའི་ཚྭ་མཚོ་ཆེ་གྲས་ཨང་གསུམ་པ། “ཀྲུང་གོའི་མཛེས་སྡུག་ལྡན་པའི་མཚོ་མོ་ཆེ་གྲས་ལྔའི”གྲས་ཤིག་བཅས་ཡིན། གནམ་མཚོ《མཛེས་སྡུག་ལྡན་པའི་ཀྲུང་གོའི(བཞི)》སྦྲག་རྟགས་ཐོག་བདམས་པ་དེ་ནི་བོད་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་ངོ་མཚར་ཆེ་བའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་བ་ཞིག་ཀྱང་རེད།

    ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དཔལ་ལྡན་གྱིས“རྒྱལ་ཁབ་ཀྱི་མིང་བྱང”འདི་བརྒྱུད་བོད་ཀྱི་རིག་གནས་བརྒྱུད་སྤེལ་དང་སྤེལ་རེས་ལ་སྔར་བས་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་བ་དང་། བོད་ཤེས་རྟོགས་བྱེད་པ། བོད་ལ་དགའ་ཞེན་བཅས་བྱ་རྒྱུའི་ཡིད་དབང་འགུག་ཐུབ་ཅེས་བཤད།

    སྦྲག་རྟགས་ཀྱི་པར་ཕུད་འགྲེམས་སྤེལ་བྱ་ཡུལ་དུ་འཁྲུག་ཆ་དོད་ལ། སྒྲིག་ལམ་ལྡན་ཞིང་ཞི་མཐུན་གྱི་རྣམ་པས་ཁེངས། སྦྲག་རྟགས་བསྡུ་ཉར་ལ་དགའ་པོ་བྱེད་མཁན་ཚོས་འགྲེམས་སྟེགས་མདུན་དུ་འཚང་ཁ་ཤིག་ཤིག་གིས《མཛེས་སྡུག་ལྡན་པའི་ཀྲུང་གོའི(བཞི)》སྦྲག་རྟགས་དང་། ཉིན་དང་པོའི་ཡིག་སྐོགས། དྲན་གསོའི་ཡིག་སྐོགས་སོགས་ཉོས་པ་མ་ཟད། ད་དུང“གནམ་མཚོ་ཕྱུག་མོ་ཕར་བསྐུར། ཐག་རིང་མགྲོན་པོ་ཚུར་བསུ”ཞེས་པའི་རྒྱན་ཤོག་འཐེན་པའི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།