དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བ”གཏོད་པ་དང་འབྱུང་འགྱུར་གྱི་ཞིམ་ཟས་འགྲན་བསྡུར་ཆེན་པོ་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-12

    ཚེས་9ཉིན། 2024ལོའི“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བ”གཏོད་པ་དང་འབྱུང་འགྱུར་གྱི་ཞིམ་ཟས་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ལྷ་སར་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་མཇུག་འགྲིལ་མཛད་སྒོར་ཞུགས་ནས་བྱ་དགའ་ཐོབ་པའི་བདམས་ཐོན་པར་བྱ་དགའ་སྤྲད་གནང་བ་རེད།

    སྐབས་འདིའི་ཞིམ་ཟས་འགྲན་བསྡུར་ཆེན་པོ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གཉེར་འགན་ཁུར་ལ། རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་ཀྱིས་ལག་ལེན་བསྟར་བ་དང་། གྲོང་ཁྱེར(ས་ཁུལ)བདུན་དུ་གྲ་སྒྲིག་འགྲན་བསྡུར་བྱས་པ་རེད། ཉིན་19ཡི་འགྲན་རྩོད་དྲག་པོ་བརྒྱུད། བདམས་ཐོན་པ་137ཁྲོད་བདམས་ཐོན་པ་21གཟེངས་སུ་ཐོན་ནས་མཐའ་བསྡུར་ནང་ཚུད་པ་དང་། ཁོང་ཚོས་རང་སོ་སོའི་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ལྟད་མོ་བར་བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་བཤམས་པ་རེད། ཚང་མས“བོད་ཀྱི་བྲོ་བ”མྱངས་པ་དང་ཆབས་ཅིག་བཟའ་བཏུང་ལས་རིགས་ཀྱི་དར་རྒྱས་གོང་འཕེལ་དང་ས་གནས་འདི་གའི་ཞིམ་ཟས་རིག་གནས་ཀྱི་ཉམས་འགྱུར་ཚོར་ཐུབ་པ་བྱུང་ཡོད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་ལས་ཕུལ་བྱུང་གི་མ་བྱན་ཆེ་མོ་ཁག་གཅིག་ཤེས་རྟོགས་དང་གསོ་སྐྱོང་བྱས་པ་མ་ཟད། བོད་ཀྱི་ཡུལ་ཁམས་མི་འདྲ་བའི་བཟའ་བཏུང་རིག་གནས་དབར་གྱི་སྤེལ་རེས་དང་ཁྱབ་སྤེལ་ལ་སྐུལ་འདེད་ཀྱང་ཐེབས་ཏེ་རྒྱལ་ཡོངས་དང་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དེ་བས་མང་བར་བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་གསོན་ཤུགས་ཚོར་དུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།