དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་མྱུར་སྐྱོབ་དང་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    རིགས་ཁྱུའི་གྲངས་འབོར་850ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-11

    ཚེས་7ཉིན་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་སྲུང་སྐྱོང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་ཐུང་རེན་གྲོང་ཁྱེར་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་སྲུང་སྐྱོང་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཀུའེ་ཀྲོའུ་ཐུང་རེན་གྲོང་ཁྱེར་ཅང་ཁའུ་རྫོང་དུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་བཟུང་འབྲེལ་ཡོད་སྒྲིག་གཞིས་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་གྱི་གཞི་རྩའི་ཐོན་ཁུངས་ལ་བརྟག་དཔྱད་རྒྱུན་མཐུད་བྱས་པ་དང་དེའི་འབྲས་བུ་ལས་མངོན་པར། ཁྱུ་ཚོགས་ཀྱི་གྲངས་འབོར་850ཙམ་ཟིན་གྱི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཐུང་རེན་གྲོང་ཁྱེར་གྱིས་སྐྱེ་ཁམས་ཡུལ་མི་གནས་སྤོ་དང་མིས་བཟོས་ཚོང་ཟོག་ཤིང་ནགས་བླུ་ཉོའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་དང་། མ་དངུལ་བརྩོན་ལེན་བྱས་ཏེ་གསོ་སྤེལ་དང་། འདུལ་གསོ། ཚན་རིག་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པའི་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་གྱི་ཚན་ཞིབ་རྟེན་གཞི་བསྐྲུན་ལ། སྐྱེ་ཁམས་བར་ཁྱམས་ཁག་གཅིག་བསྐྲུན་ནས་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་གྱིས་ཟ་དགའ་བའི་ཤིང་སྣ་མུའུ་1155འདེབས་འཛུགས་བྱས་པར་ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་གྱི་འཚོ་གནས་བར་སྟོང་སྔར་བས་རྒྱ་ཆེར་ཕྱིན་ཡོད། འཚོ་སྡོད་ཁུལ་གྱི་རྒྱུན་གཏན་སྐོར་སྲུང་ལྟ་ཞིབ་ཚད་ལེན་མང་དུ་བཏང་ནས“གནམ་དང་། ས། མི་བཅས་ཟུང་དུ་འབྲེལ་བའི”སྒུལ་རྣམ་སྲུང་སྐྱོང་དྲ་བ་བསྐྲུན་ཡོད། ཚན་ཞིབ་བྱེད་ཤུགས་ཆེ་རུ་དང་ཚན་ཞིབ་ཁང་དང་སུའོ་གྲགས་ཅན་དབར་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀུའེ་ཀྲོའུ་ཡི་སྤྲེའུ་སྤུ་སེར་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་མགྱོགས་མྱུར་བསྐྲུན་པ་དང་མི་ཐབས་ཀྱི་གསོ་སྤེལ་ལག་རྩལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། ཉེ་བའི་ལོ་གཉིས་ནང་སྤྲེའུ་སྤུ་སེར་ལ་སྤྲེལ་ཕྲུག་4སྐྱེས་ནས་སྤྲེའུ་སྤུ་སེར་མྱུར་སྐྱོབ་དང་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།