དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་གི་མཐའ་སྣེའི་ལྗང་མདོག་འགོག་སྲུང་ཁུལ་ད་ལོར་མཐུད་ཐུབ་རེ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-11

    གསར་འགོད་པར་ཉེ་ཆར་འཚོགས་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་གི་མཐའ་སྣེའི་འགོག་རྒོལ་དམག་འཐབ་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཤིན་ཅང་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་གི་མཐའ་སྣེའི་འགོག་རྒོལ་དམག་འཐབ་ཀྱི་སྤྱི་ལེ་285ཡི་མཐའ་སྒྲིལ་ལས་འགན་གྱི་སྤྱི་ལེ་155ལེགས་གྲུབ་ཟིན་པ་དང་། ལེགས་གྲུབ་ཐུབ་ཚད་54.39%ཟིན་ཏེ་ལྗང་མདོག་འགོག་སྲུང་ཁུལ་ད་ལོར་མཐུད་ཐུབ་རེ་ཡོད་པ་རེད།

    རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་33.76ཟིན་པའི་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་ནི་ཀྲུང་གོའི་སྐོར་སྐྱོད་བྱེ་ཐང་ཆེ་ཤོས་དང་འཛམ་གླིང་ཐོག་གི་སྐོར་སྐྱོད་བྱེ་ཐང་ཆེ་ཤོས་གཉིས་པ་རེད། འདས་ཟིན་པའི་ལོ་40ལྷག་ཙམ་རིང“བྱང་གསུམ”ལས་གྲྭར་བརྟེན་ནས་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་གི་མཐའ་འཁོར་དུ་རིང་ཚད་ལ་སྤྱི་ལེ་2761ཡོད་པའི་ལྗང་མདོག་གི་བྱེ་འགོག་འགོག་སྲུང་ཁུལ་ཞིག་གྲུབ་ཡོད། 2023ལོའི་ལོ་མཇུག་བར་ལྷག་འཕྲོས་ཀྱི་སྤྱི་ལེ་285ཙམ་གྱི་ས་སྟོང་ནི་ཤིན་ཅང་ལྷོ་རྒྱུད་ཀྱི་བྱེ་རླུང་གི་གནོད་འཚེ་ཆེ་ཤོས་དང་བཅོས་སྐྱོང་བྱེད་ཁག་ཤོས་ཀྱི་ས་ཁོངས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།