དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བྱིས་པའི་སྨན་རྫས་ཞིབ་སྤེལ་འདུན་ཞུར་སྐུལ་ལྕག་བྱེད་པའི་གསལ་ཐོ་ཁག་ལྔ་པ་ཁྱབ་བསྒྲགས་བྱས་པ།

    ཁྱོན་སྣ་ཁ་15ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་བཅས་ཀྱིས་ད་ལོར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་འདེམས་སྒྲུག་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་བརྒྱུད《བྱིས་པའི་སྨན་རྫས་ཞིབ་སྤེལ་འདུན་ཞུར་སྐུལ་ལྕག་བྱེད་པའི་གསལ་ཐོ་ཁག་ལྔ་པ》ཞིབ་འཇུག་བྱས་ནས་བཟོས་པ་རེད། གསལ་ཐོ་ཁག་ལྔ་པར་སྨན་རྫས་སྣ་ཁ་15ཡོད་པ་དེ་དག་ཚད་གཞི་25དང་བཟོ་དབྱིབས་8ལ་འབྲེལ་བ་ཡོད་པ་དང་། ལུས་པོ་ཡོངས་ལ་སྤྱོད་ཆོག་པའི་གཉན་འགོག་སྨན་དང་། དབུགས་ལམ་མ་ལག་གི་སྨན། སྐྲན་ནད་འགོག་པའི་སྨན། རིམས་འགོག་ནུས་ཤུགས་སྙོམས་སྒྲིག་གི་སྨན་སོགས་ཀྱི་སྨན་བཅོས་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་རྫས་སྲིད་ཇུས་དང་གཞི་རྩའི་སྨན་རྫས་ལམ་ལུགས་སིའི་འབྲེལ་ཡོད་འགན་འཁུར་བས《བྱིས་པའི་སྨན་རྫས་ཞིབ་སྤེལ་འདུན་ཞུར་སྐུལ་ལྕག་བྱེད་པའི་གསལ་ཐོ་ཁག་ལྔ་པ》ལ་གཙོ་བོ་ཁྱད་ཆོས་བཞི་ཡོད་པ་སྟེ། གཅིག་ནི་བྱིས་པའི་སྨན་རྫས་ཀྱི་དགོས་མཁོར་གཞི་ཚུགས་ཤིང་། གསལ་ཐོའི་ནང་ན་ཆུང་བྱིས་པའི་སྨན་རྫས་དང་མྱུར་སྐྱོབ་ཀྱི་སྨན་རྫས་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་པའི་སྨན་རྫས་སྔོན་ལ་བདམས་པ་དང་། གཉིས་ནི་བྱིས་པའི་སྨན་རྫས་ཀྱི་ཁྱད་ཆོས་དང་འཚམ་པར་བྱས་ཤིང་། གསལ་ཐོའི་ནང་གི་སྨན་རྫས་མང་པོ་སྟེ་དཔེར་ན། ཁོང་བསྟེན་ཞུ་ཁུ་དང་རྨ་སྨན་སོགས་རྒྱལ་ནང་གི་ཁྲོམ་རར་བཏོན་ཟིན་ཡང་བྱིས་པར་འཚམ་མེད་རིགས་ལ་དོ་ཁུར་དང་། དུས་མཚུངས་བྱིས་པར་འཚམ་པའི་ཚད་གཞིར་དོ་ཁུར་བྱས་ནས་བྱིས་པའི་སྨན་སྤྱོད་དགོས་མཁོ་དང་བསྟུན་ཚད་ཆེ་རུ་བཏང་བ། གསུམ་ནི་མཐོང་དཀོན་པའི་ནད་གཞིའི་དཀར་ཆག་དང་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བྱིས་པའི་སྨན་རྫས་ཞིབ་སྤེལ་ལ་སྐུལ་ལྕག་བྱེད་པའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་བ། བཞི་ནི་ཁེ་ལས་ཀྱི་ཞིབ་སྤེལ་འདོད་བློར་ལྟ་རྟོག་བྱས་ཤིང་། ད་ཐེངས་ཀྱི་འདེམས་སྒྲུག་ཐད་དེ་གོང་གི་གསལ་ཐོ་ཁག་བཞི་ལག་བསྟར་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲངས་གཞིར་དབྱེ་ཞིབ་དང་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྨན་རྫས་སྣ་ཁའི་མངོན་གསལ་མེད་པའི་གསར་སྤེལ་གྱི་དཀའ་ལས་དང་ཁྲོམ་རའི་བར་མཐོངས་ལ་ཕྱོགས་བསྡུས་ཐོག་དཔྱད་དཔོག་བྱས་པ་བཅས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྔ་རྗེས་སུ་སྨན་རྫས་སྣ་ཁ་129ཚུད་པའི《བྱིས་པའི་སྨན་རྫས་ཞིབ་སྤེལ་འདུན་ཞུར་སྐུལ་ལྕག་བྱེད་པའི་གསལ་ཐོ》ཁག་བཞི་བཟོས་ནས་ཁྱབ་བསྒྲགས་བྱས་པ་རེད། མིག་སྔར་དེའི་ནང་གི་སྨན་30ཁྲོམ་རར་འདོན་རྒྱུའི་ཆོག་མཆན་ཐོབ་པ་དེ་དག་དབང་རྩའི་མ་ལག་གི་སྨན་དང་། འཇུ་བྱེད་དང་རྙིང་འབུད་གསར་ལེན་གྱི་སྨན། སྙིང་དང་ཁྲག་རྩའི་མ་ལག་གི་སྨན་སོགས་སྨན་བཅོས་ཁྱབ་ཁོངས་8ལ་ཁྱབ་པ་དང་། སྨན་15ནི་མཐོང་དཀོན་པའི་ནད་གཞིའི་སྨན་ཡིན་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱིས་པར་འཚམ་པའི་སྨན་རྫས་ཀྱི་སྣ་ཁ་དང་། སྨན་གྱི་བཟོ་དབྱིབས། ཚད་གཞི་བཅས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་བྱིས་པའི་སྨན་རྫས་མཁོ་སྤྲོད་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།