དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2023ལོའི་བར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་76ལ་སྨན་བཅོས་རུ་མི་མི་ཐེངས་ཁྲི་3བཏང་བ་དང་ནད་པ་མི་ཐེངས་དུང་ཕྱུར་2.9ལ་སྨན་བཅོས་བྱས་པ།

    བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-11

    འདི་ནི་ཨེ་རི་ཐྲེ་ཡའི་ཨའོ་ལུའོ་ཐེ་སྨན་ཁང་དུ་ཨེ་རི་ཐྲེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་བདུན་པའི་རུ་དཔོན་གྱིས་ཨེ་རི་ཐྲེ་ཡ་ཕྱོགས་ཀྱི་སྨན་པ་དང་སྨན་བཅོས་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་པ།

    འདི་ནི་ཀག་ནའི་རྒྱལ་ས་ཨ་ཁ་རར་གནས་པའི་ཀྲུང་ཀག་མཛའ་གྲོགས་སྨན་ཁང་དུ་ཀག་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་གསུམ་པའི་རུ་མིས་ས་གནས་དེ་གའི་ནད་པར་སྐད་ཆ་འདྲི་བཞིན་པ།

    ཀྲུང་གོས་རོགས་སྐྲུན་བྱས་པའི་ལེ་སི་ཐོའི་མཱ་སའེ་ལུའུ་ས་ཁུལ་གྱི་སྨན་ཁང་དང་མིག་ནད་ཚན་ཁག་གི་སྨན་བཅོས་ཁང་གི་རྣམ་གྲངས་འདི་ལོའི་ཟླ་6པར་ལེ་སི་ཐོ་ཕྱོགས་ལ་རྩིས་སྤྲད་ནས་མཱ་སའེ་ལུའུ་དང་དེའི་མཐའ་འཁོར་གྱི་གྲོང་མིར་སྨན་བཅོས་ཀྱི་འགན་ལེན་ནུས་ལྡན་བྱས་ཤིང་། འདི་ནི་མཱ་སའེ་ལུའུ་ས་ཁུལ་སྨན་ཁང་གི་དོས་དྲག་ཐོག་བརྩེགས་ཁང་ཆེན་ཡིན་པ།

    གསར་འགོད་པར་ཀག་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་གསུམ་པའི་རུ་དཔོན་ཀྲང་རི་ཅ་ཐུག་སྐབས། ཁོང་ཀག་ནའི་རྒྱལ་ས་ཨ་ཁ་རར་གནས་པའི་ཀྲུང་ཀག་མཛའ་གྲོགས་སྨན་ཁང་གི་སྨན་བཅོས་ཁང་དུ་བྲེལ་བརྩོན་ཆེན་པོས་ནད་པའི་མིག་ལ་བརྟག་དཔྱད་ཞིབ་ཚགས་བྱེད་བཞིན་འདུག ཀྲང་རི་ཅ་ཡིས“སྨན་བཅོས་རུ་ཁག་གིས་འཁྱེར་བདེའི་མིག་ནད་ཚན་ཁག་གི་དབྱེ་བཤེར་སྒྲིག་ཆས་ཁག་གཅིག་ཁྱེར་ཡོད་པ་དང་། ང་ཚོས་ནད་པ་དེ་བས་མང་བར་སྨན་བཅོས་བྱེད་པ་དང་དུས་མཚུངས་ས་གནས་དེ་གའི་སྨན་བཅོས་སྒྲིག་གཞིས་མིག་ནད་ལ་མཐོང་ཆེན་དང་དབྱེ་བཤེར་བྱེད་པའི་ནུས་པ་ཆེ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    1963ལོར་ཀྲུང་གོས་ཨར་ཅི་རི་ཡར་སྨན་བཅོས་རུ་ཁག་དངོས་སུ་མངགས་ནས་ཨ་ཧྥེ་རི་ཁར་སྨན་བཅོས་རོགས་སྐྱོར་བྱེད་འགོ་ཚུགས། ལོ་60ལྷག་ཙམ་རིང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་བྱམས་སེམས་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ས་གནས་དེ་གའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་ཡོད། ཨ་ཧྥེ་རི་ཁའི་དམངས་ཚོགས་མང་པོའི་མིག་ནང་དུ“ཀྲུང་གོའི་སྨན་པ”དག་ལས་རྩལ་བྱང་ཆུབ་པས་ཡིད་ཆེས་ཆོག་པའི་སྨན་པར་གྱུར་ཡོད།

    ཙམ་པབ་ཝེར་ཙམ་པབ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གཅིག་པས་ས་གནས་དེ་གའི་འཕྲོད་བསྟེན་སྡེ་ཚན་གྱི་གདན་ཞུས་ལྟར་ཤར་མཱ་ཧྲའོ་ན་ལན་ཞིང་ཆེན་གྱི་ཐག་རིང་གྲོང་ཚོར་བསྐྱོད་དེ་གཞི་རིམ་གྱི་སྨན་དོན་མི་སྣར་ཆིང་ཧའོ་པུའུ་ལ་བརྟེན་ནས་འདར་ནད་འགོག་པའི་མཉམ་འབྲེལ་བཅོས་ཐབས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ས་གནས་དེ་གའི་གྲོང་མིར་སྨན་ཆུའི་ནང་སྦངས་པའི་གུར་ཕུབ་པ་སོགས་འདར་ནད་འགོག་པའི་བྱ་ཐབས་ངོ་སྤྲོད་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

    ཐན་ཙན་ནི་ཡའི་སང་ཅེ་པར་དུ་2017ལོར་ཅང་སུའུ་ཞིང་ཆེན་གྱི་ཁྲག་འཇིབ་འབུ་ནད་འགོག་བཅོས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོ་པན་པ་གླིང་ཕྲན་དུ་ཡོང་ནས་ས་གནས་དེ་གར་ཁྲག་འཇིབ་འབུ་ནད་འགོག་བཅོས་ཀྱི“ཀྲུང་གོའི་ཇུས་གཞི”འཁྱེར་ཡོད། ཕྱོགས་བསྡུས་འགོག་བཅོས་བྱས་པ་བརྒྱུད། རྣམ་གྲངས་དཔེ་སྟོན་ཁུལ་དུ་ཁྲག་འཇིབ་འབུ་ནད་འགོས་ཚད་8.92%ནས་0.64%བར་ཆག་ཡོད།

    པོ་ཚི་ཝ་ནར་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རྒྱལ་ཁབ་དེའི་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད། པོ་ཚི་ཝ་ན་འཕྲོད་བསྟེན་པུའི་པུའུ་ཀྲང་ཏི་ཁོ་ལུའོ་ཏིས“དུས་ཡུན་རིང་པོའི་ནང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཐུས་སྒོ་ཚང་བའི་སྨན་བཅོས་འཕྲོད་བསྟེན་མ་ལག་མེད། ཀྲུང་གོའི་སྨན་པས་ཆེད་ལས་ཀྱི་བྱང་ཚད་མཐོ་པོར་བརྟེན་ནས་པོ་ཚི་ཝ་ནའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་བརྗོད།

    ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྨན་བཅོས་རུ་ཁག་མངགས་པ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལས་དོན་སྤེལ་ཡུན་རིང་ཤོས་དང་། འབྲེལ་བ་ཡོད་པའི་རྒྱལ་ཁབ་མང་ཤོས། ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་མཉམ་ལས་རྣམ་གྲངས་ཀྱི་གྲས་ཤིག་རེད། 1963ལོ་ནས་2023ལོའི་བར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་76ལ་སྨན་བཅོས་རུ་མི་མི་ཐེངས་ཁྲི་3བཏང་བ་དང་ནད་པ་མི་ཐེངས་དུང་ཕྱུར་2.9ལ་སྨན་བཅོས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་མ་ལི་དང་། ཝུ་ཀན་ཏ། ཁ་མེ་རོང་སོགས་རྒྱལ་ཁབ་ཏུ་སྨན་རྫས་མ་འཇོག་བྱས་པས་ཨ་ཧྥེ་རི་ཁའི་ས་གནས་དེ་གའི་སྨན་རྫས་སྤྱོད་ཆོག་པའི་རང་བཞིན་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ཀྲུང་གོས་རྣམ་གྲངས་བཙུགས་ནས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ལ་རོགས་སྐྱོར་བྱེད་པའི་ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་དང་། པོ་ཁི་ན་ཧྥ་སོའི་པོ་པོ་སྨན་ཁང་སོགས་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་25ལག་བསྟར་བྱས་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་2.4རོགས་སྐྱོར་བྱས་པས་རིམས་འགོག་སྨན་ཁབ་ཀྱི་དགོས་མཁོ་ཡོད་པའི་རྒྱལ་ཁབ་ཡོངས་ལ་ཁྱབ་ཐུབ་ཡོད། ཨ་ཧྥེ་རི་ཁར་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཁག་མང་པོ་མཁོ་འདོན་བྱས་པ་དང་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་ཨ་ཧྥེ་རི་ཁར་ལག་རྩལ་རོགས་སྐྱོར་བྱེད་པར་མངགས་པ་རེད།

    འདི་ལོའི་ཟླ་6པར། ཀྲུང་གོས་རོགས་སྐྲུན་བྱས་པའི་ལེ་སི་ཐོ་མཱ་སའེ་ལུའུ་ས་ཁུལ་གྱི་སྨན་ཁང་དང་མིག་ནད་ཚན་ཁག་གི་སྨན་བཅོས་ཁང་གི་རྣམ་གྲངས་ལས་མཇུག་འགྲིལ་ནས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད། སྨན་ཁང་དེར་དོས་དྲག་ཁང་དང་། སྨན་ཁང་དུ་སྡོད་པ། སྲིད་འཛིན་དོ་དམ། གསོ་སྦྱོང་མི་སྣའི་ཉལ་ཁང་སོགས་ནུས་པའི་ཁུལ་བཙུགས་ཡོད་པ་མ་ཟད། རྒྱང་ཁྲིད་སྨན་བཅོས་དང་། སློབ་ཁྲིད། སྨན་བཅོས་སྒྲིག་ཆས་གཙོ་བོ་སོགས་བཀོད་སྒྲིག་ཀྱང་བྱས་ཡོད་པས། བེད་སྤྱོད་བྱས་རྗེས་ལེ་སི་ཐོ་ཡི་དེང་རབས་ཅན་གྱི་ཕྱོགས་བསྡུས་སྨན་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་རེད། ལེ་སི་ཐོའི་དབུ་བཞུགས་བློན་ཆེན་མཱ་ཐེ་ཁའེ་ཨིན་གྱིས་མཱ་སའེ་ལུའུ་ས་ཁུལ་གྱི་སྨན་ཁང་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་མཱ་སའེ་ལུའུ་དང་དེའི་མཐའ་འཁོར་གྱི་གྲོང་མིར་སྨན་བཅོས་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།