ཀྲུང་གོ་དང་སེར་པི་ཡའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་དོན་ཀྲུང་གོར་སྤེལ་འགོ་ཚུགས་པ།
ཉེ་ཆར་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་སེར་པི་ཡའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་དོན་སྤེལ་འགོ་ཚུགས་པའི་མཛད་སྒོ་ཉེ་ཆར་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་འཚོགས་པ་རེད། སྤྱི་བདེ་པུའུ་ཡི་གདན་ཞུས་ལྟར་སེར་པི་ཡའི་ནང་སྲིད་པུའུ་ཡིས་ཀྲུང་གོར་ཉེན་རྟོག་པ་6མངགས་ནས་དུས་ཡུན་ཟླ་བ་གཅིག་རིང་གི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་འགན་བསྒྲུབ་རྒྱུ་རེད།
མཉམ་འབྲེལ་སྐོར་གཡེང་བྱེད་རིང་སེར་པི་ཡའི་ཉེན་རྟོག་པས་སེར་པི་ཡའི་ལུགས་ཀྱི་ལས་གོས་གྱོན་ནས་ཀྲུང་གོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཧའེ་ནན་དང་ཀྲེ་ཅང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་མཉམ་བསྲེས་དཔུང་རུ་བསྒྲིགས་ནས་སྐོར་གཡེང་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་དང་2023ལོར་སྤྱི་བདེ་པུའུ་ཡིས་སེར་པི་ཡས་གདན་ཞུ་ཐེངས་གཉིས་བྱས་པ་ལྟར་མཉམ་འབྲེལ་སྐོར་གཡེང་ཉེན་རྟོག་རུ་ཁག་མངགས་པས་སེར་པི་ཡར་ཀྲུང་སེར་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ལས་འགན་སྒྲུབ་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་རེད།