དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིམ་གསུམ་སྲིད་གྲོས་ཨུ་ཡོན་གྱི་བྱེད་སྒོའི་ཉིན་མོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་4ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་གསུམ་གྱི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་མཚོ་ཤར་གྲོང་ཁྱེར་དུ“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བའི”ཨུ་ཡོན་གྱི་བྱེད་སྒོའི་ཉིན་མོ་སྤེལ་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བྱེད་སྒོར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ཀྲུའུ་ཞི་གཞོན་པ་ཝང་ཤོན་བྱེད་སྒོར་ཕེབས་ཡོད་པ་རེད།

    ཟི་ལིང་ཚའོ་ཅ་པའོ་གནམ་ཐང་ནི་མཚོ་བོད་ས་མཐོའི་འགྲིམ་འགྲུལ་གྱི་ལྟེ་བ་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་འགག་སྒོ་གཙོ་བོ་ཞིག་ཡིན་ཞིང་། དེས་ནུབ་རྒྱུད་ས་ཁུལ་གྱི་འཐབ་ཇུས་འགྲིམ་འགྲུལ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་མངོན་ཡོད་ཁོར་ཡུག་ལེགས་སུ་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་གནམ་ཐང་སྦྲེལ་མཐུད་ནུས་ལྡན་ཐུབ་པ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་དེ་2030ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2100དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་12ཀྱི་དམིགས་ཚད་ལྟར་ཇུས་འགོད་བྱས་པ་དང་། ལས་གྲྭ་བདེ་བླག་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དེས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།