དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོའི་དྲོད་ཁང་གི་རླངས་གཟུགས་དང་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-11

    ཚེས་5ཉིན“བར་ཝོན་གྱི་འཁྱོག་ཐིག-སའི་གོ་ལའི་འབྱུང་འགྱུར་ཆེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བར་ཝོན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་རྨང་གཞིའི་ས་ཚིགས་བཙུགས་ནས་ལོ་30འཁོར་བ་དང་མཚོ་བོད་ས་མཐོའི་དྲོད་ཁང་རླངས་གཟུགས་དང་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་དང་། ཀྲུང་གོ་གནམ་གཤིས་ཅུས་གནམ་གཤིས་འཚོལ་ཞིབ་ཐིག་ལེན་ལྟེ་གནས། ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མཚོ་བོད་ས་མཐོའི་དྲོད་ཁང་རླངས་གཟུགས་དང་གནམ་གཤིས་འགྱུར་ལྡོག་གི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྲུན་དང་། མཐོ་གྲངས་སྐྱེ་ཁམས་མ་ལག་གི་ཐཱན་འདུས་དཔྱད་དཔོག་དང་སྐྱེ་ཁམས་རིན་ཐང་ཞིབ་རྩིས། མཚོ་བོད་ས་མཐོའི་རིམ་པ་མང་བའི་འགྱུར་ལྡོག་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་བརྡ་ལན་སོགས་ཐད་ལ་བགྲོ་གླེང་བྱས་པ་རེད།

    བར་ཝོན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་རྨང་གཞིའི་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་གནས་ཤིང་། 1994ལོའི་ཟླ་9ཚེས་17ཉིན་དངོས་སུ་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། སའི་གོ་ལའི་ཕྱེད་བྱང་མའི་སྐམ་ས་དང་རླུང་ཁམས་ཆེ་མོའི་རླུང་ཁམས་ཀྱི་གྲུབ་ཆ་བརྗེ་རེས་དང་དེ་བཞིན་ཁོར་ཡུག་དང་གནམ་གཤིས་ཀྱི་ཕན་ནུས་ཞིབ་འཇུག་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།