དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས“དུས་བཞིའི་སྤུས་རྟགས”ཀྱི་མིང་གྲགས་ཆེ་རུ་བཏང་བ་དང་། ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་བ། གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“སྒུལ་ཤུགས་གསར་པ”འཕེལ་བར་བྱས་པ།

    གསར་གཏོད་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-11

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག་བཅས་ཤེས་དཔལ་ལག་ལེན་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། རྒྱུན་ཆད་མེད་པར་རྣམ་པ་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཞིང་། “དཔྱིད་རླུང་ཁྱིམ་ཚང་ཀུན་ལ་ལྡང་། དབྱར་གྱི་ཉི་འོད་ཐོག་མའི་བསམ་འདུན་འཕྲོ། སྟོན་གྱི་དྲི་ཞིམ་གཞི་རིམ་ཡུལ་ལ་འཐུལ། དགུན་གྱི་དྲོ་སྐྱིད་སྦྱིན་ནས་སེམས་པ་མཐུན”བཅས་ཀྱི་དུས་བཞིའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་ལས་དུས་ཚིགས་ཚང་མར་ཁྱད་ཆོས་ཡོད་པ་དང་ལོ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།

    མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ། དཔེ་བཟང་གི་གཏམ་རྒྱུད་ཉན་པ། ཀྲུང་ཧྭའི་གསུང་རབ་ཀློག་པ། དང་བླངས་ཞབས་འདེགས་ཞུ་བ། རིག་གནས་རིག་རྩལ་བྱེད་སྒོ་སོགས་ཀྱི་བརྗོད་དོན་མངོན་གསལ་དོད་པ་དང་། རྣམ་པ་སྣ་ཚོགས་པ། རྒྱ་ཁྱབ་ཏུ་ཞུགས་པ་བཅས་ཀྱི་ལག་ལེན་བྱེད་སྒོ་ཐེངས་ཁྲི་8ལྷག་ཙམ་སྤེལ་བར་ཞུགས་མཁན་མི་ཐེངས་ཁྲི་460ལྷག་ཙམ་ཟིན་ཡོད།

    “དགུན་གྱི་དྲོ་སྐྱིད་སྦྱིན་ནས་སེམས་པ་མཐུན”ཞེས་པའི་བྱེད་སྒོ་སྤེལ་འགོ་བཙུགས་པ།

    དུས་བཞིར་གོ་རིམ་ལྡན་མོད། འོན་ཀྱང་གཞིས་རྩེ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཐད་སྤུས་ཚད་མཐོ་རུ་དང་། གཞི་རྒྱ་ཆེ་རུ། གདམ་རིམ་མཐོ་རུ། རིམ་པ་མཐོ་རུ་བཅས་གཏོང་འགོ་2020ལོའི་དགུན་དུས་ནས་འགོ་ཚུགས་པ་ཞིག་རེད།

    སྐབས་དེར་གཞིས་རྩེ་གྲོང་ཁྱེར་ལ་འགག་རྩའི་ཞིབ་འཇུག་བྱ་གཞི་གཉིས་འཕྲད་པ་སྟེ། དུས་རབས་གསར་པའི་རྒྱང་ལམ་གསར་པར་མཐའ་མཚམས་མི་རིགས་ས་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཡག་པོ་ཇི་ལྟར་སྒྲུབ་དགོས་སམ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་སའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་དངོས་འབྲེལ་མང་ཚོགས་ཀྱི་བློ་ལ་བབས་པ་ཡོང་རྒྱུར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།

    བཅར་འདྲི་དང་བརྟག་ཞིབ་མང་པོ་བྱས་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་ལག་ལེན་ལས་དོན་ཁྲོད་དུ་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་གསལ་དོད་པོས་མི་འདང་བ་དང་དེ་བཞིན་ལས་བྱེད་པའི་ལས་དོན་སྤེལ་སེམས་ཆེན་པོ་མེད་པ་དང་མང་ཚོགས་ཀྱི་ཐེ་ཞུགས་བྱེད་སེམས་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད།

    དེར་བརྟེན་གཞིས་རྩེ་གྲོང་ཁྱེར་གྱིས་བསམ་གཞིགས་གཏིང་ཟབ་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ“དགུན་གྱི་དུས་སུ་དྲོ་སྐྱིད་སྦྱིན། དམངས་ཀྱི་སེམས་པ་དྲོ་སོབ་སོབ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁར། དགུན་དུས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་སྒྲོག་འགྲེལ་དང་། རིག་གནས་རིག་རྩལ། དང་བླངས་ཞབས་ཞུ། འཚམས་འདྲི་སྨན་བཅོས་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། མང་ཚོགས་དང་མཉམ་དུ་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྒྲོལ་བ་དང་དྲོ་སྐྱིད་དང་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་རྒྱུའི་ཐག་བཅད་པ་རེད།

    དགུན་དུས་གྲང་ངར་ཆེ་བ་དང་ཕ་ཡུལ་དུ་ཕྱིར་ལོག་མཁན་ཞིང་པ་ལས་མི“ཁྱིམ་དུ་ལས་མེད་དུ་སྡོད་པ་ལས་ཕྱིར་འགྲོ་འདོད་མི་བྱེད་པ”སོགས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་རིག་རྩལ་ཚོགས་པ་དང་། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག དེ་བཞིན་རིག་རྩལ་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ནས་རིག་རྩལ་གྱི“རྟ་དམག་ཧྲག་པོ”བཙུགས་ཤིང་། “སྤྲོ་སྣང་གཞི་རིམ་དུ་སྐྱེལ”ཞེས་པའི་རིག་གནས་ལ་བརྟེན་ནས་མཐའ་མཚམས་ཀྱི་ཞིང་ས་བརླན་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་ཐེ་ཞུགས་བྱེད་མང་བའི་རིག་རྩལ་བྱེད་སྒོ་གཙོ་བོར་བཟུང་བ་དང་། འགྲེམས་སྟོན་བྱེད་པ་དང་ཆ་ཡིག་སྤྲོད་པ་སོགས་རིག་གནས་དམངས་ཕན་བྱེད་སྒོ་ཞོར་དུ་གཉེར་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་བ་མ་ཟད། དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པའང་བཏོད་ཡོད།

    “དཔྱིད་ཀྱི་རླུང་བུ་ཁྱིམ་ཚང་ཀུན་ལ་ལྡང”ཞེས་པའི་བྱེད་སྒོ་སྐབས་དང་བསྟུན་ནས་སྤེལ་བ།

    ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག གཞིས་རྩེ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཞིང་། ཞིང་པ་དང་འབྲོག་པ་ཚོས་དཔྱིད་རྨོད་དཔྱིད་འདེབས་དང་ཕྱུགས་རིགས་སྐྱས་སྤོ་སོགས་ཀྱི་ལས་ཀ་རབ་དང་རིམ་པ་བྱེད་ཀྱི་ཡོད།

    2021ལོའི་ལོ་འགོར་གཞིས་རྩེ་གྲོང་ཁྱེར་གྱིས“དགུན་གྱི་དྲོ་སྐྱིད་སྦྱིན་ནས་སེམས་པ་མཐུན”ཞེས་པའི་བྱེད་སྒོར་ཕན་འབྲས་ཡག་པོ་ཐོབ་པར་བྱས་པའི་རྨང་གཞིའི་ཐོག་དཔྱིད་དུས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན“དཔྱིད་ཀྱི་རླུང་བུ་ཁྱིམ་ཚང་ཀུན་ལ་ལྡང”ཞེས་པའི་རིམ་སྤེལ་བྱེད་སྒོ་མགྱོགས་མྱུར་སྤེལ་ནས་རིག་གནས་ལ་བརྟེན་ནས་མི་སེམས་འགུག་པ་དང་སྦྲང་ཆར་ཟིལ་མས་སྐྱེ་དངོས་གསོ་བར་སྣང་ཆེན་བྱས་ཡོད།

    ལོ་ལྟར་གྱི་ཟླ་3པར་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་པ་དང“དཔྱིད་ཀྱི་རླུང་བུ་ཁྱིམ་ཚང་ཀུན་ལ་ལྡང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁར། རིགས་པའི་གཞུང་ལུགས་དང་། སྲིད་ཇུས། རིག་རྩལ། རིག་དཔལ། ཤེས་དཔལ་སོགས་ཀྱི་ནང་དོན་ལ་དམིགས་ནས་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཤེས་དཔལ་སྲོལ་བཟང་ཡུལ་གྲུ་ཀུན་ཏུ་ཁྱབ་པར་བྱེད་ཀྱི་ཡོད།

    ས་གནས་གཞན་གྱི་ལས་མི་གཅིག་སྡུད་ཕྱིར་ལོག་གི“སྐར་ཁུང་དུས་ཚིགས”དམ་འཛིན་གྱིས་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། གཅིག་སྡུད་སྒྲོག་འགྲེལ་བྱེད་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་བཅས་བྱས་ཏེ་ཏང་གི་གསུང་སྒྲ་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱས་ཡོད།

    སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱེད་པ་དང་། སྤྲིན་སྣེའི་མཉམ་འགུལ་སྟེགས་བུ་དུས་གཅིག་ཏུ་སྐྲུན་པ། སྨྱན་སྦྱོར་གསར་པ་སྤྱད་དེ་དུས་བཀག་བཞིན་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་བརྙན་ཐུང་ཕབ་བཟོ་དང་ཡོངས་བསྒྲགས་བྱེད་པ། དུས་ཐོག་ཏུ་དོགས་གནད་སེལ་བ། འཁྲབ་ཚན་ཐུང་གྲས་དང་གཞས་མ་གཏམ་སོགས་རིག་རྩལ་ལེ་ཚན་རྩོམ་སྒྲིག་དང་འཁྲབ་ཁྲིད་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཞིང་ཕན་སྲིད་ཇུས་དེའི་ནང་མཉམ་འདྲེས་བྱས་ནས་མང་ཚོགས་ཀྱིས་ལེ་ཚན་ལྟ་ཉན་བྱེད་ཞོར་སློབ་གསོ་དང་ལེན་ཐུབ་པ་དང་བྱང་ཚད་མཐོ་རུ་འགྲོ་བར་བྱས་ཡོད།

    “ད་ཆ་ལག་ཐོགས་ཁ་པར་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག ང་ཚོ་མི་མང་པོ་ཞིག་གིས་ཞིང་དལ་གྱི་དུས་སུ་སྐད་འཕྲིན་ནམ་ཡང་ན་འཁྱུག་དབྱིངས་ནས་རིག་རྩལ་ལེ་ཚན་དང་བོད་སྐད་གསར་འགྱུར་ལྟ་ཉན་བྱས་པ་བརྒྱུད་གནས་ཚུལ་མང་པོ་ཤེས་བྱུང”ཞེས་ཁང་དམར་རྫོང་ཀ་ལ་ཤང་གི་མང་ཚོགས་སྒྲོལ་དཀར་གྱིས་བཤད།

    “དབྱར་གྱི་ཉི་འོད་ཐོག་མའི་བསམ་འདུན་འཕྲོ”ཞེས་པའི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་བ།

    ལོ་ལྟར་གྱི་དབྱར་དུས་སུ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཚ་ཚ་འུར་འུར་སྤེལ་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གཡུལ་སས་གཅིག་རྗེས་གཉིས་མཐུད་ངང“དབྱར་གྱི་ཉི་འོད་ཐོག་མའི་བསམ་འདུན་འཕྲོ”ཞེས་པའི་བྱེད་སྒོ་གཙོ་རྐང་དུ་བྱས་པའི་ཁར། དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་གསར་བརྗེའི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མི་རིགས་ཁག་གི་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད།

    རིན་སྤུངས་རྫོང་གིས་རྒྱལ་གཅེས་གླུ་གཞས་འགྲན་བསྡུར་ཐོག་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་དང་ཐོག་མའི་བསམ་འདུན་མཚོན་པར་བྱས་པ་དང་། ས་དགའ་རྫོང་གིས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། རྒྱལ་རྩེ་རྫོང་གིས་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་མི་རིགས་ཁག་གི་མང་ཚོགས་ལ་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་འཛིན་པ་བཅས་བྱེད་དགོས་པའི་སྐུལ་ལྕག་བྱས་པ། ཁང་དམར་རྫོང་གིས“ལྔ་བཞིའི”གཞོན་ནུ་གཞས་པའི་འགྲན་བསྡུར་ཆེན་པོ་གཉེར་ནས་དུས་རབས་གསར་པའི་གཞོན་ནུའི་ཉམས་འགྱུར་མངོན་པར་བྱས་པ་སོགས།

    ལྷག་པར་དུ་འདི་ལོའི“རིག་དཔལ་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་དང་གཞིས་རྩེ་གྲོང་ཁྱེར་གྱི“རིག་དཔལ་དར་བའི་ཇོ་མོ་གླང་མའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་རྗེས་གཞིས་རྩེས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“དཔེ་དེབ་ཀྱི་དྲི་བསུང་གང་སར་འཐུལ། ཤེས་རིག་གི་ཕན་པ་ཕྱོགས་བཞིར་ཁྱབ”ཅེས་པའི་དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བར་དེ་བས་མང་བ་དང་དེ་བས་ཡག་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ཡོད།

    “སྟོན་གྱི་དྲི་ཞིམ་གཞི་རིམ་ཡུལ་དུ་འཐུལ”ཞེས་པའི་བྱེད་སྒོ་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་བཏང་བ།

    སྟོན་དུས་ནི་ལོ་ལེགས་མཚོན་པའི་དུས་ཚིགས་ཤིག་རེད་ལ། མི་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་འགྲོ་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད།

    “མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་བ་དང་། སྔར་བས་འགན་ལེན་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ”བཅས་བརྗོད་གཞིར་དམིགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས“མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས”བྱེད་པ་དེ་བསམ་པའི་ཁྲག་རྒྱུན་དུ་མཉམ་འདྲེས་དང་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ། བརྩེ་སེམས་དང་ནུས་ཤུགས་ཡོད་རྒུས་རིམ་པ་བཞིན་སྤེལ་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་དམིགས་སའི་རང་བཞིན་དང་གནད་སྨིན་ཡོང་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་བ་སྟེ།

    མང་ཚོགས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་སྟོན་དུས་ལོ་ལེགས་དང་ཡོང་འབབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞིང་འབྲོག་ལས་ཀྱི་ལག་རྩལ་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཞིང་ནང་དང་། མུ་ཁ། རྩྭ་ར་བཅས་སུ་བསྐྱོད་ནས་ལག་རྩལ་མཛུབ་ཁྲིད་དང་སྦྱོང་བརྡར་གྱིས་ཞིང་པར་ཐོན་འཕར་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།

    “ཞིང་པར་བརྔ་བསྡུ་བྱེད་རོགས་བྱེད་པ”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་གནད་སྨིན་སྤེལ་ནས་ཏང་ལ་བློ་ཁ་ཕྱོགས་ནུས་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    སྤུས་ཚད་མཐོ་པོས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”དང་བོད་ཀྱི་སྲོལ་རྒྱུན་དུས་ཆེན“འོང་སྐོར་དུས་ཆེན”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ། བོད་ཀྱི་རྨོ་འདེབས་ཤེས་དཔལ་དང་། སྐྱས་སྤོས་རིག་གནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་དར་སྤེལ་དང་བོད་ཀྱི་ཞིང་འབྲོག་པའི་རླབས་ཆེན་གསར་གཏོད་མངོན་པར་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དར་སྲོལ་བཟང་པོ་ཆགས་པར་མུ་མཐུད་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།