དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-11

     ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད།

    འགྲན་བསྡུར་ཁྲོད་ལྷ་སའི་རྫོང(ཆུས)ཁག་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་18ཀྱིས་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། ལས་དོན་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལ་དམིགས་ཏེ་རང་ཉིད་དམ་ཡང་ན་ཉེ་འགྲམ་གྱི་མིའི་སློབ་སྦྱོང་དང་། འཚོ་བ། ལས་ཀ འཚར་ལོངས་བཅས་ཀྱི་བརྒྱུད་རིམ་གླེང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་གལ་ཆེའི་རང་བཞིན་འཆད་འགྲེལ་བྱས་པ། རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་ཆུ་ཚད་མངོན་པ་བཅས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་པའི་གྲུབ་འབྲས་མཉམ་སྤྱོད་ཀྱང་བྱས་པ་རེད།

    ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། དཔྱད་འདེམས་ཚོགས་པས་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པའི་གཏམ་བཤད་ཀྱི་ནང་དོན་དང་། སྐད་ཆའི་མཚོན་ཚུལ། རྣམ་འགྱུར། དུས་ཚོད་ཀྱི་ཚོད་འཛིན་སོགས་ལ་ཕྱོགས་བསྡུས་ཀྱིས་སྐར་གྲངས་དཔྱད་བསྡུར་བྱས་པ་བརྒྱུད། མཐར་བྱ་དགའ་རིམ་པ་དང་པོ་གཅིག་དང་། བྱ་དགའ་རིམ་པ་གཉིས་པ་གཉིས། བྱ་དགའ་རིམ་པ་གསུམ་པ་གསུམ། དེ་བཞིན་ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་དང་མི་སྒེར་གྱི་ཕུལ་བྱུང་བྱ་དགའ་འགའ་ཞིག་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།