དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་བྱས་པ།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2འཕྲལ་མར་སྤྲད་པ་དང་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་2.7འཕྲལ་མར་སྔོན་ལ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-10

    འདི་ནི་ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། ཧའེ་ནན་ལ་རོགས་སྐྱོར་བྱེད་པའི་ལྷོ་ཕྱོགས་གློག་དྲ་ཀུང་སིའི་གློག་མྱུར་བཟོའི་མི་སྣ་དང་རླངས་འཁོར་ཁག་གཉིས་པ་ཀོང་ཏུང་ཞིང་ཆེན་ཞུས་ཝུན་རྫོང་ཧའེ་ཨན་གྲུ་ཁ་གསར་པར་གྲུ་གཟིངས་ལ་བསྡད་ནས་ཧའེ་ཁོའུ་རུ་རོགས་སྐྱོར་ལ་འགྲོ་རྩིས་བྱེད་བཞིན་པ།

    ད་ལོའི་རྒྱ་མཚོའི་རླུང་འཚུབ་དྲག་པོ་ཨང་11པ“མོ་ཅེ”ཟླ་9ཚེས་6ཉིན་གྱི་ཆུ་ཚོད་16དང་སྐར་མ་20དང་། ཆུ་ཚོད་22དང་སྐར་མ་20ལ་སྔ་རྗེས་སུ་ཧའེ་ནན་ཝུན་ཁྲང་གྲོང་ཁྱེར་དང་ཀོང་ཏུང་ཞུས་ཝུན་རྫོང་གི་སྐམ་སར་ལྡང་ནས་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར། མ་འོངས་ཉིན་3ནང་ཀོང་ཤིས་ཀྱི་ལྷོ་རྒྱུད་དང་ཡུན་ནན་གྱི་ལྷོ་རྒྱུད་སོགས་སུ་སྔར་བཞིན་ཆར་པ་ཆེན་པོའམ་ཡང་ན་དྲག་ཆར་འབབ་རྒྱུ་རེད། ཚེས་7ཉིན་གྱི་ཆུ་ཚོད་18པར། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་སེར་པོ་བཏང་བ་མ་ཟད། དྲག་ཆར་གྱི་ལི་མདོག་ཉེན་བརྡ་དང་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སྔོན་པོ་བསྟུད་མར་བཏང་བ་རེད། ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་བརྡ་དམར་པོ་བཏང་བ་རེད།

    ཟླ་9ཚེས་7ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་སྒྲིག་འཛུགས་ཀྱིས་མཉམ་དུ་གྲོས་མོལ་བྱས་པ་དང་། བརྙན་ལམ་ནས་ཧའེ་ནན་དང་། ཀོང་ཏུང་། ཀོང་ཤིས། ཡུན་ནན་སོགས་གཙོ་གནད་ཞིང་ཆེན་གྱི་གནས་ཚུལ་བཀོད་གཏོང་གིས་ཧའེ་ནན་དང་ཀོང་ཏུང་གི་གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་སྒྲིག་ཆས་མྱུར་བཟོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཧའེ་ནན་དང་ཀོང་ཏུང་གི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པར་སྤར་བ་དང་། ཡུན་ནན་ལ་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་རྒྱུ་ཡིན་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཡུན་ནན་དུ་ལས་དོན་ཚོགས་ཆུང་གཅིག་མཛུབ་ཁྲིད་བྱེད་པར་མངགས་པ་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་གནོད་འཚེའི་གནས་ཚུལ་ལ་མྱུལ་ཞིབ་དང་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་གྱི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་ནས་གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་བྱས་པ་རེད།

    ལྷོ་ཕྱོགས་གློག་དྲ་ཀུང་སིས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་མང་པོ་སྒྲིག་འཛུགས་བྱས་ནས་ཉིན་མཚན་བལྟོས་མེད་ངང་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་གློག་བསྐྱར་གཏོང་གི་ལས་དོན་སྤེལ་བ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་མྱུར་བཟོའི་མི་སྣ་ཁྲི་2ལྷག་ཙམ་དང་། མྱུར་བཟོའི་རླངས་འཁོར་3600ལྷག་ཙམ། འཕྲལ་སྡོམ་གློག་གཏོང་རླངས་འཁོར་685 འཕྲལ་སྡོམ་གློག་གཏོང་འཕྲུལ་ཆས་1720བཅས་བཏང་བ་རེད།

    ཟླ་9ཚེས་7ཉིན་གྱི་སྔ་དྲོར། ཆུ་བེད་པུའུ་ཡིས་སླར་ཡང་ཀོང་ཏུང་དང་། ཀོང་ཤིས། ཧའེ་ནན། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གྱི་ཆུ་བེད(ཆུ་དོན)ཐིང་དང་ཆུ་བེད་པུའི་ཀྲུའུ་ཅང་གཙང་པོའི་ཆུ་བེད་ཨུ་ལྷན་ལ་ཛ་དྲག་གི་བརྡ་ཐོ་བཏང་ནས་འབྲེལ་ཡོད་ཚན་པ་ཁག་ལ་གསང་སྡོམ་འགྲིལ་འདེད་ཀྱི་སྔོན་བརྡ་གཏོང་བ་དང་གྲོས་མོལ་ཞིབ་འཇུག་བྱས་ཏེ་འཕྲལ་སྡོམ་དང་ལེན་གྱི་བླང་བྱ་གཞིར་བཟུང་དེ་མཚུངས་ཀྱི་མཉམ་འགུལ་བྱེད་ཐབས་སྤྱོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཟླ་9ཚེས་7ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2འཕྲལ་མར་སྤྲད་དེ། ཧའེ་ནན་དང་ཀོང་ཏུང་གི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་རྗེས་ཀྱི་འཕྲལ་སྡོམ་སླར་གསོར་རྒྱབ་སྐྱོར་བྱས་པ་དང་། དེ་དག་གེགས་ཁུལ་གྱི་གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་ཟམ་པ་དང་། ཆུ་བེད་ཆུ་རགས། སློབ་གྲྭ་དང་སྨན་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་རེད།

    ཟླ་9ཚེས་7ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་2.7འཕྲལ་མར་སྔོན་ལ་སྤྲད་དེ། ཧའེ་ནན་དང་། ཀོང་ཏུང་། ཀོང་ཤིས། ཡུན་ནན་སོགས་ཞིང་ཆེན་གྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པ་དང་ཆུ་ལོག་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་། གནས་སྤོ་བཀོད་སྒྲིག ཉེན་སེལ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་བཟོ་སོགས་ཀྱི་ཐད་སྤྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།