དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཀོང་ཀྲོའུ་རུ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-10

    ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། “དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཚེས་8ཉིན་ཀོང་ཀྲོའུ་རུ་གཉེར་ཞིང་། ཚེས་9ནས་15ཉིན་བར་2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་ཐོག་སྤེལ་རྒྱུ་རེད།

    ད་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་བཅུ་ཡིས་མཉམ་དུ་གཉེར་བ་ཞིག་རེད།

    དྲ་རྒྱའི་བདེ་འཇགས་གཟའ་འཁོར་རིང་། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས་དང་། སློབ་གྲྭའི་ཉིན་མོ་དང་གློག་འཕྲིན་ཉིན་མོ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེ་གྲས་དྲུག དྲ་རྒྱའི་བདེ་འཇགས་ཤེས་ལྡན་པ་གདན་ཞུའི་ཆེད་དོན་བྱེད་སྒོ དྲ་རྒྱའི་བདེ་འཇགས་གསར་གཏོད་ལས་གཏོད་ཀྱི་མ་འཇོག་ཆེད་དོན་བྱེད་སྒོ ཀྲུང་གོའི་དྲ་རྒྱའི་བདེ་འཇགས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར། “དབྱང་ཁྲེང་བུམ་པའི”གཡོད་ཀང་ཨའོ་ཁུག་ཆེན་གྱི་དྲ་རྒྱའི་བདེ་འཇགས་འགྲན་བསྡུར་ཆེན་པོའི་མཐའ་བསྡུར། དྲ་རྒྱའི་བདེ་འཇགས་གཞི་རིམ་དུ་ཁྱབ་སྤེལ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།