དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་མིང་ཐོ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-10

    ཉེ་ཆར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུས་2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་འོས་སྦྱོར་དང་། སྨྱན་སྦྱོར་གྱིས་འགྲེམས་སྟོན། སྒྲིག་འཛུགས་ཨུ་ལྷན་གྱིས་འདེམས་སྒྲུག་བཅས་བྱས་པ་བརྒྱུད། 2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་བ་12བདམས་པ་རེད།

    ཁོང་ཚོ་ནི་ནན་ཁའེ་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ཕང་ཅིན་ཅུས་དང་། ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དབན་པོ་ལིན་ཆུས་ཤིན་ཧྭ་སློབ་ཞུགས་གོང་གི་སློབ་གསོ་ཚོགས་པའི་སྤྱི་ཁྱབ་ཡོན་ཀྲང་དང་དགེ་རྒན་ཨན་ཧུའེ་ཞ། ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོའར་གྲོང་ཁྱེར་ལིན་ཧོ་ཆུས་སློབ་འབྲིང་གཉིས་པའི་སློབ་སྤྱི་གཞོན་པ་དང་དགེ་རྒན་ཧོ་ལའེ་ཧུའུ། བྱང་ཤར་ནགས་ལས་སློབ་ཆེན་རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཅན། ཧྥུའུ་ཏན་སློབ་ཆེན་རྫས་འགྱུར་དང་རྒྱུ་ཆ་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཀྲའོ་ཏུང་ཡོན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་དགེ་འོས་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་དགེ་རྒན་ཡུས་ཀྲེང་ཆང་། ཨན་ཧུའེ་ཞིང་ཆེན་པེང་པུའུ་བཟོ་ལས་དང་ཚོང་དོན་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་དབྱང་མེ། ཅང་ཤིས་ཞིང་ཆེན་ཕིན་ཞང་གྲོང་ཁྱེར་ལུའུ་ཤིས་རྫོང་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། སློབ་སྤྱི། དགེ་རྒན་བཅས་ཡིན་པའི་ལིའུ་ཞའོ་ཆིང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཡཱ་ལི་སློབ་འབྲིང་གི་སློབ་སྤྱི་དང་དགེ་རྒན་ཝང་ཤུས། ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོའུ་ཀོང་ནན་རྫོང་ལེན་ཁྲེང་གྲོང་རྡལ་པེ་ཉིང་ལྟེ་བའི་སློབ་གྲྭའི་ལུའོ་སུང་ཏི་སློབ་ཆུང་གི་དགེ་རྒན་ནུང་ཅ་ཀུའེ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཨའེ་ཕིང་། ཤིན་ཅང་ཞིང་ལས་ལས་རིགས་ལག་རྩལ་སློབ་གླིང་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་། ཡོན་ཀྲང་། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཝང་ཞུའེ་ལི་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།