དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགེ་རྒན་དུས་ཆེན་ཐེངས་40པར་རྟེན་འབྲེལ་ཞུས་པ།

    རྒྱལ་ཡོངས་ཀྱི་ཚན་པ་585དང་མི་1790ལ་གཟེངས་བསྟོད་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དགེ་རྒན་དུས་ཆེན་ཐེངས་40པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོ་ཚེས་8ཉིན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ཚན་པ་585དང་མི་1790ལ་གཟེངས་བསྟོད་ཐོབ་པ་རེད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས་40པའི་སྐབས་སུ་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུས་ཀྲུང་དབྱང་ནོར་དཔལ་སློབ་ཆེན་དངུལ་རྩའི་སློབ་གླིང་སོགས་ཚན་པ་585ལ“རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲོད་པ་དང་། ཏེའོ་རུང་ཁྲུན་སོགས་བློ་མཐུན་716ལ“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”གྱི་མཚན་སྙན་སྤྲོད་པ། ཡུས་ཡོན་སོགས་བློ་མཐུན་895ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་སྤྲོད་པ། ཝང་ཡན་ཕིན་སོགས་བློ་མཐུན་80ལ“རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི”མཚན་སྙན་སྤྲོད་པ། ཝང་ཅུན་སོགས་བློ་མཐུན་99ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པའི”མཚན་སྙན་སྤྲོད་རྒྱུའི་ཐག་བཅད་པ་རེད།

    དགེ་རྒན་དུས་ཆེན་བཙུགས་ཚུན་རྒྱ་ཆེའི་དགེ་རྒན་ཚོས་ཏང་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སློབ་ཁྲིད་སྟེགས་བུར་གཞི་ཚུགས་པ་དང་སློབ་ཁྲིད་ཀྱིས་མི་སྣ་གསོ་སྐྱོང་བྱ་རྒྱུར་བློ་རྩེ་གཅིག་ཏུ་གཞོལ་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་མཉམ་དུ་ལངས་ཏེ་ལྷག་བསམ་རྣམ་དག་དང་། ལེགས་སྐྱེས་འབུལ་སེམས། བྱམས་བརྩེའི་སེམས་པ་བཅས་ཀྱི་ཐོག་ནས་སློབ་གསོའི་བྱ་གཞག་ནང་ཞུགས་ཡོད། དགེ་རྒན་དཔུང་ཁག་ཁྲོད་ཕུལ་བྱུང་དགེ་རྒན་འབོར་ཆེན་ཞིག་ཐོན་པ་དང་ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་བཏེགས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ཏེ་དུས་རབས་ཀྱི་གཞི་མདངས་དང་བླ་ན་མེད་པའི་གཤིས་རྒྱུད་སྙིང་བསྡུས་བྱས་པས་ཁོང་ཚོ་ནི་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པ་དང་བརྟེན་ཆོག་པའི་རྒྱལ་ཁབ་ཆེན་པོའི་དགེ་རྒན་བཟང་པོ་ཞིག་རེད།

    ཚོགས་ཞུགས་བློ་མཐུན་གྱིས། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སློབ་གསོ་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག ཕྲག་ཐོག་ཏུ་འཁུར་བའི་ལས་འགན་གསར་རྐྱང་བཅས་ལ་བསམ་གཞིག་དང་ངོས་འཛིན་གང་ལེགས་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་ཏན་ཏིག་བཏང་ནས། ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། གྲུབ་འབྲས་རྩེ་གྲ་གཏོད་པ། ལེགས་སྐྱེས་རྩེ་གྲ་འབུལ་བ་བཅས་བྱེད་པ་དང་། བྱས་རྗེས་འཇོག་ཐུབ་པ་དང་མདུན་ལམ་ཆེན་པོ་གཏོད་ཐུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“དགེ་རྒན་སྟོབས་ཆེན”གྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།