ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་གཙོ་བོའི་ཕྱི་རྒྱལ་ཡི་གེའི་དཔར་མ་དང་མི་རིགས་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 《ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས》དང་། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》 《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉སྐོར་གྱི་གསལ་བཤད》བཅས་ཀྱི་དབྱིན་ཡིག་དང་། ཧྥ་རན་སེའི་ཡི་གེ སི་ཕན་གྱི་ཡི་གེ རི་པིན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ འཇར་མན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ ཝེ་ཐེ་ནམ་གྱི་ཡི་གེ ལོ་སིའི་ཡི་གེ་བཅས་ཕྱི་རྒྱལ་ཡི་གེའི་དཔར་མ་10ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་དང་ཕྱི་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད།
དེ་དང་ཆབས་ཅིག་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་ཡི་གེ དབྱིས་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་བཅས་མི་རིཌ་ཡི་གེའི་དཔར་མ་7མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲཌ་འགྲེམས་སྤེལ་བྱས་པ་རེད།