དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཇོ་མོ་གླང་མའི་འདབས་ཀྱི་བོད་རིགས་བུ་མོའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཕུགས་འདུན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-10

    འདི་ནི་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི“ཇོ་རིའི་གངས་རྒོད”བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་མི་ཚོས་ལུས་རྩལ་ཐང་དུ་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་ལུས་རྩལ་ཐང་དུ“ཇོ་རིའི་གངས་རྒོད”བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་མི་བསྟན་འཛིན་དབྱངས་ཅན་གྱིས་སྦྱོང་བརྡར་བྱེད་བཞིན་པ།

    ཇོ་མོ་གླང་མའི་འདབས་ཀྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཕུགས་འདུན་དོན་གཉེར་བྱེད་མཁན་བོད་རིགས་བུ་མོ་མང་པོ་ཡོད། ཁོང་ཚོས་རྐང་རྩེད་སྤོ་ལོ་རྩེས་ནས་རང་ཉིད་ཀྱི་ལང་ཚོའི་ལེའུ་རྩོམ་བཞིན་ཡོད།

    གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི“ཇོ་རིའི་གངས་རྒོད”བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་2023ལོར་བཙུགས་ཤིང་། དེ་ནི་ཆ་སྙོམས་ལོ་ཚད་ལོ་17ལས་མེད་པའི་བོད་རིགས་ཀྱི་སློབ་མ་བུ་མོའི་རུ་ཁག་ཅིག་རེད། ཁོང་ཚོ་སློབ་གྲྭར་མ་ཞུགས་གོང་རྐང་རྩེད་སྤོ་ལོའི་རྨང་གཞི་མེད་པའི་ཁར་སྦྱོང་བརྡར་དུས་ཚོད་དང་ཆེད་ལས་སྒྲིག་ཆས་དཀོན་ཡང་། བོད་རིགས་བུ་མོ་དེ་ཚོས་བློ་མ་ཕམ་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྐང་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་མངོན་པར་བྱས་ཤིང་། རྐང་རྩེད་སྤོ་ལོ་རུ་ཁག་དེས་སློབ་རའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མང་པོའི་ཁྲོད་གྲུབ་འབྲས་ཡག་པོ་ལེན་མྱོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།