དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་17པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་བཏང་བའི་རྟེན་འབྲེལ་གློག་འཕྲིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-10

    ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ།

    དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་17པའི་ཐོག་རང་རྒྱལ་གྱི་དབང་སྐྱོན་ལུས་རྩལ་པས་སྙིང་རུས་ཆེན་པོས་འབད་བརྩོན་དང་། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན། ཉམས་འགྱུར་གང་ཡོད་མངོན་པ་བཅས་བྱས་པས་གསེར་གྱི་རྟགས་མ་94དང་། དངུལ་གྱི་རྟགས་མ་76 ཟངས་ཀྱི་རྟགས་མ་50བཅས་ཀྱི་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་སྟེ། འགྲན་བསྡུར་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    སྐབས་འདིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག་ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས“འགན་འཁྲི་ཕྲག་ཐོག་ཏུ་འཁུར་བར་ང་ཡིས་འབད་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ། དཔའ་ངར་ཆེར་སྐྱེད་དང་ཞུམ་མེད་སྤྱོད་ཚུལ་དང་ཁྱད་དུ་འཕགས་པའི་ཉམས་འགྱུར་ཐོག་ནས་རང་རྒྱལ་གྱི་དབང་སྐྱོན་ལུས་རྩལ་བྱེད་སྒོའི་མཐོ་ཚད་གསར་པ་བཏོད་དེ་དུས་རབས་གསར་པའི་རང་རྒྱལ་གྱི་དབང་སྐྱོན་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན་ཡོད། ཁྱེད་ཚོས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མཐར་ཟད་ལ་འགྲན་སློང་དང་། ཕུལ་བྱུང་བརྩོན་ལེན། གདེང་ཚོད་དང་སྤྲོ་སྣང་ལྡན་པ། སྒོ་དབྱེ་མཛའ་མཐུན་བཅས་བྱས་ཏེ་འཛམ་གླིང་ཡོངས་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་གཟུགས་བརྙན་མངོན་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་བྱས་རྗེས་ལ་སྤོབས་པ་ཆེན་པོ་སྐྱེད་ཀྱི་འདུག

    ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དབང་སྐྱོན་ལུས་རྩལ་གྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཡང་འབད་བསྐྱར་འབད་བྱེད་པ། གྲུབ་འབྲས་བཟང་པོ་གཏོད་ཕོད་པ་བཅས་བྱས་ནས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་ལུས་གསོའི་ལུས་སྦྱོང་ཧུར་ཐག་བྱས་ཏེ། སྤྱང་གྲུང་དང་བློ་གྲོས་གང་ཡོད་བཏོན་ནས་མི་ཚེའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྐུལ་མ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་རང་རྟོན་རང་དར་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཐུན་མོང་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

    མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་བདེ་འཇགས་དང་རྒྱལ་ཁའི་ངང་ཕྱིར་ལོག་བྱེད་པའི་རེ་སྒུག་བྱེད་བཞིན་ཡོད།

    ཀྲུང་གུང་ཀྲུང་དབྱང་དང་།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    2024ལོའི་ཟླ་9ཚེས་8ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།