དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས།

    《དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས《དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་2024ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

    《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། འགོག་སྲུང་གཙོ་བོར་འཛིན་པ་དང་། བཅོས་འདོམས་གལ་ཆེ་མཉམ་དུ་འཛིན་པ། མི་སྣ་ཡོངས་ཞུགས་པ། དམག་དཔུང་དང་ས་གནས་མཉམ་ལས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དོ་དམ་ལམ་སྲོལ་བསྐྱར་དུ་འཛུགས་པ་དང་། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ལྗང་མདོག་དམག་སྒར་ཞིག་ཧུར་ཐག་གཏོད་དགོས་པ་བཏོན་ཡོད།

    《སྲོལ་ཡིག》དེར་ཁྱོན་ལེའུ་6དང་དོན་ཚན་50ཡོད་ཅིང་། བསམ་བློའི་ཁྲིད་སྟོན་འབུར་དུ་མངོན་པ་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། མ་ལག་ཇུས་འགོད་ལ་སྣང་ཆེན་བཅས་བྱས་ཏེ་དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་དང་ལས་འགན་ཁ་གསལ་བཏོན་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་སྦྲེལ་མཐུད་བྱས་པ། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་དང་ཞིབ་མཆན་འགོད་པའི་དུས་བཅད་དང་། ཞིབ་མཆན་འགོད་པའི་དབང་ཚད། ཁོར་ཡུག་གདེང་འཇོག་གི་སྟོབས་ཤུགས་སོགས་ཀྱི་དོན་ཚན་ལེགས་སྒྲིག་བྱས་པ། དམག་དོན་བྱེད་སྒོ་དང་། དམག་དོན་སྒྲིག་བཀོད། དམག་དོན་སྒྲིག་ཆས་སོགས་ཐད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཞིབ་ཚགས་སུ་བཏང་བ། དཔུང་སྡེའི་འཐབ་ནུས་གྲུབ་པ་དང་རིམ་སྤོར་ལ་རམ་འདེགས་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཕན་འབྲས་དང་དམག་དོན་ཕན་འབྲས་མཐུན་སྦྱོར་གཅིག་གྱུར་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།