སྒྲིག་ཁྲིམས་ནན་དུ་བཏང་ནས་ཞུམ་མེད་སྟོབས་ལྡན་གྱི་ཏང་ཞིག་བཏོད་པ།
ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱེད་པ་དང་། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ནུས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱས་ཡོད།
གོང་དཔེ་འོག་སྟོན་གྱིས་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བ།
2024ལོའི་ཟླ་6ཚེས་27ཉིན་གྱི་ཕྱི་དྲོ། པེ་ཅིང་གི་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་བྱས་པ་རེད།
མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས། ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ནན་དུ་གཏོང་བ། སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པ་བཅས་སྦྲེལ་མཐུད་བྱས་ནས་རྒྱུན་གཏན་ནང་མཉམ་འདྲེས་དང་གོམ་གཤིས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
“ལོ་བཅུའི་རིང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཁ་གསལ་བཟོས་ནས་ནན་དུ་བཏང་བས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་ཟབ་ཟོབ་ཀྱི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་ཡོད”སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དེ་ལས། སྒྲིག་ཁྲིམས་འཛུགས་སྐྱོང་དེ་ལོ་བརྒྱའི་ཏང་ཆེན་པོའི་ངོས་ནས་དོན་སྙིང་གལ་ཆེན་ལྡན་པ་གང་ལེགས་མངོན་ཡོད།
2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད།
2024ལོའི་ཟླ་1ཚེས་8ཉིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོགས་ཚོགས་ཐེངས་གསུམ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ཟླ་2ཚེས་4ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སྒྲུབ་བྱེད་སྲོལ་དང་། སྤྱོད་གཙང་བྱེད་སྲོལ། བབ་ཆགས་བྱེད་སྲོལ་བཅས་རབ་ཏུ་དར་བ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཏང་ཡོངས་སུ་མཉབ་སྡེབ་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྒྲིག་འཛུགས་བྱས་ནས་ཡག་པོ་སྤེལ་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད།
ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་ཀའི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་གནང་ནས་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་མ་ཟད། བླང་བྱ་ཁ་གསལ་ཡང་བཏོན་གནང་ཡོད་དེ།
ཟླ་3པར་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཁོང་གིས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པར་ལྟ་སྐུལ་བྱས་ཏེ་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་དགོས”ཞེས་གསུངས་ཡོད།
ཟླ་4པར་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། ཁོང་གིས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་དངོས་འབྲེལ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད།
ཟླ་5པར་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས། ཁོང་གིས“ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གྱོད་དཔེ་དྲངས་ནས་སྒྲིག་ཁྲིམས་གླེང་བར་དམ་འཛིན་ཡག་པོ་བྱས་ཏེ། སེམས་ལ་གུས་སྐྲག་ཡོད་པ་དང་རང་གཅུན་ནན་པོ་བྱ་རྒྱུ་དེ་རྒྱུན་གཏན་གྱི་རང་རྟོགས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས”ཞེས་བསྟན་གནང་ཡོད།
ཟླ་6པར་མཚོ་སྔོན་དང་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། ཏང་ཡོན་དང་ལས་བྱེད་པར་ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར“དངོས་འཛིན་དངོས་སྦྱོང་དང་། མགོ་ཡོད་མཇུག་ཡོད། དམ་འཛིན་ཏན་ཏིག ཕན་འབྲས་ཐོན་པ་བཅས་བྱེད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད།
2024ལོའི་ཟླ་3ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་སྣང་མེད་དུ་གཏོང་བ་དང་། ཤེས་རྟོགས་མི་བྱེད་པ། སྟངས་འཛིན་མི་བྱེད་པ་སོགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྲོལ་ཡིག་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཟླ་4ཚེས་3ཉིན། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲ་སྒྲིག་ལས་དོན་སྙན་སེང་ཉན་པ་མ་ཟད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་ཡོད།
2024ལོའི་ཟླ་7པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་སྒྲིག་ཁྲིམས་སློབ་གསོར་སྔར་བས་ཤུགས་སྣོན་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བཀོད་སྒྲིག་བྱས་ཏེ། “རྒྱུན་གཏན་རང་བཞིན་དང་གཅིག་སྡུད་རང་བཞིན་ཕན་ཚུན་ཟུང་དུ་འབྲེལ་བའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་དགོས་པ”དང“ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོ་གཅུན་འདོམས་དང་འགན་སྲུང་ལྕག་སྐུལ་གྱི་ནུས་པ་ཕྱོགས་བསྡུས་འདོན་དགོས”ཞེས་བཏོན་ཡོད།
གཙོ་གནད་མངོན་གསལ་དོད་པོས་དམ་པ་དོན་གཉེར་བྱས་ནས་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སེམས་ནང་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲོལ་ཡིག་ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཉེན་ཟོན་སློབ་གསོ་གཏོང་བ། གསལ་འགྲེལ་གསོ་སྦྱོང་བྱེད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།
སྲོལ་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་ཟུང་འབྲེལ་བྱས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་། ཀྲུང་དབྱང་གཞུང་དོན་ཐིང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་བཅས་ཀྱིས“གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སོགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་སྲོལ་ཡིག་གི་དོན་ཚན་དང་ལེའུ་རེ་རེ་བཞིན་གསལ་པོ་སྦྱོང་བ་དང་། མཐར་ཕྱིན་པ་སྦྱོང་བ། གནད་སྨིན་ངང་སྦྱོང་བ་བཅས་བྱས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་དང་། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་དང་དེ་བཞིན་ཅི་ལིན་དང་། ཅང་ཤིས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ལ་བརྟེན་ནས་སྲོལ་ཡིག་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་དང་ལས་བྱེད་པས་རྒྱུན་དུ་ནས་སྦྱངས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་བཏང་ཡོད།
ཀྲུང་དབྱང་རིམ་ངོས་ནས་སྲོལ་ཡིག་གསལ་འགྲེལ་གྱི་རྩོམ་ཡིག་དང་། ཟུར་ཁྲིད་སློབ་ཚན། གསལ་འགྲེལ་བརྙན་ཐུང་བཅས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སྙིང་དོན་གསལ་པོ་ཤེས་པ་དང་། གོ་བ་གཏིང་ཟབ་ལེན་པ། བེད་སྤྱོད་ཡང་དག་གཏོང་བ་བཅས་ལ་རོགས་རམ་བྱས་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ངེས་སྦྱོང་སློབ་ཚན་དུ་བརྩིས་ནས་འཛིན་གྲྭ་གཙོ་བོའི་སློབ་ཁྲིད་འཆར་གཞིའི་ནང་བཅུག་པ་དང་། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ལས་བྱེད་པའི་སློབ་གླིང་གིས་འཛིན་གྲྭ་གཙོ་བོ་ཁག་ལ་སྲོལ་ཡིག་ཟུར་ཁྲིད་སློབ་ཚན་ནམ་ཡང་ན་སློབ་ཁྲིད་ནང་དོན་བཀོད་སྒྲིག་བྱས་ཡོད།
ཤིན་ཅང་གིས་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་གྲོང་སྡོད(སྡེ་ཁུལ)གྱི་ལས་དོན་རུ་མི་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དབར་ཆ་སྒྲིག་སློབ་སྐྱོར་སྒྲིག་འཛུགས་བྱས་ཡོད། ཧུའུ་ནན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཐུན་མོང་ཐོག་སློབ་ཚན་གྲ་སྒྲིག་བྱས་ཏེ་གསལ་འགྲེལ་གྱི་སློབ་ཚན་ཏང་གི་སློབ་གྲྭ་དང་གཞི་རིམ་དུ་སྤེལ་བར་སྐུལ་འདེད་བཏང་ཡོད། ལེའོ་ཉིང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྒྲིག་ཁྲིམས་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ཧྲན་ཤིས་ཀྱིས་གསོ་སྦྱོང་གི“དགེ་རྒན་མཛོད”བཙུགས་ཡོད། ཧྲན་ཏུང་གིས་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་གཞི་རིམ་དུ་གཅིག་སྡུད་སྒྲོག་འགྲེལ་བྱེད་པར་བསྐྱོད་ཡོད། བོད་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲི་1.5ལྷག་ཙམ་འཆད་སྟེགས་ཐོག་བཏང་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ཡོད།
ཀྲུང་དབྱང་རིམ་ངོས་ནས་སྒྲིག་འགལ་བྱེད་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེ་50ཁྱབ་བསྒྲགས་བྱས་པ་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དེ་དག་ཉེན་ཟོན་སློབ་གསོའི་ཐོན་ཁུངས་གལ་ཆེན་ཞིག་ཏུ་བརྩིས་ཏེ་གྱོད་དཔེ་དྲངས་ནས་སློབ་སྦྱོང་དང་། གྱོད་དཔེ་དྲངས་ནས་སྒྱུར་བཅོས། གྱོད་དཔེ་དྲངས་ནས་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ཡོད།
ཅང་སུའུ་དང་། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པའི་ཉེན་ཟོན་ཟིན་ཐོ་དང་འགྱོད་བཤགས་ཟིན་ཐོ་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ཏང་ཡོན་དང་ལས་བྱེད་པར་ཉེན་བརྡ་གཏིང་ཟབ་བཏང་ཡོད། ཧུའུ་པེ་ཡིས་ཉེན་ཟོན་སློབ་གསོའི་པར་གཞི་བཟོས་ནས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ནང་སོག་གིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཉེན་ཟོན་སློབ་གསོའི་པར་གཞི་6པར་ལེན་བྱས་ཡོད།
ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ལྷན་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་། སློབ་གསོ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། སྒྲིག་འགལ་ཁྲིམས་འགལ་ལས་བྱེད་པའི་འགྱོད་བཤགས་བརྙན་ལམ་ལྟ་རུ་བཅུག་སྟེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉེན་ཟོན་སློབ་གསོ་གཏིང་ཟབ་སྤེལ་ཡོད།
ཀྲུང་གོ་གློག་ཤུགས་ཚན་རྩལ་དང་། ཀྲུང་གོ་ཧྭ་ནུས། ཀྲུང་གོ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་སྒུལ་བདེ་སོགས་ཁེ་ལས་ཀྱིས་འགག་རྩའི་ལྷུ་ཚིགས་དང་། གཙོ་གནད་ལས་གནས། གཙོ་གནད་མི་སྣ་བཅས་ལ་དམིགས་ནས་ལྟ་བསྡུར་ཞིབ་དཔྱད་དབྱེ་ཞིབ་བྱས་ཏེ་སྐྱོན་ཆུང་དུས་སེལ་དང་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།
ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དཔེ་མཚོན་གྱོད་དཔེ་དེ“གསོན་ཉམས་དོད་པའི་བསླབ་གཞིར”བརྩིས་ཏེ་ཉེ་འགྲམ་གྱི་བྱ་བས་ཉེ་འཁོར་གྱི་མི་རྣམས་ལ་སློབ་གསོ་བཏང་སྟེ་གྱོད་གཞིར་བརྟེན་ནས་ཀུན་སྤྱོད་དང་། སྒྲིག་ཁྲིམས། ཁྲིམས་ལུགས། འགན་འཁྲི་བཅས་གླེང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཉེན་ཟོན་ཐུབ་པ་དང་། མཐའ་ཚད་གསལ་རྟོགས། གུས་སྐྲག་ཤེས་པ་བཅས་བྱས་ཡོད།
ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“དོན་དངོས”མངོན་གསལ་དོད་པོ་ཡོང་བ་དང་། “དངོས་སྒྲུབ”དོན་འཁྱོལ་ཏན་ཏིག་ཡོང་བ་བྱས་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། གནད་དོན་ཐག་གཅོད། ལས་དོན་ལེགས་བཅོས། འཕེལ་རྒྱས་ལ་སྐུལ་གཏོང་བཅས་ཟུང་འབྲེལ་ལ་མཐོང་ཆེན་བྱས་ནས་མི་དམངས་མང་ཚོགས་ཚོས་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་ཚོར་ཐུབ་པ་བྱས་ཡོད།
ཐབས་མང་མཉམ་སྤྱོད་ཀྱིས་ཕན་འབྲས་དངོས་ཐོན་པ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱས་པ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་བརྩི་བ་དང་། སྒྲིག་ཁྲིམས་དམ་སྲུང་། སྒྲིག་ཁྲིམས་ལག་བསྟར་བཅས་ལ་སྐུལ་འདེད་བཏང་སྟེ་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་གཏོང་བ་དང་། རང་ངོས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ། འགོག་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཡོད།
ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སློབ་སྦྱོང་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་བླངས་ནས་དེ་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བཏང་བ་བརྒྱུད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་བྱེད་པའི་རང་རྟོགས་སྔར་བས་ཆེ་རུ་ཕྱིན་ཏེ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་བརྒྱབ་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ“གཞོམ་ཞིག་མེད་པའི་ངར་ལྕགས་མཁྲེགས་པོ”ཞིག་ཏུ་འགྱུར་བ་བྱས་ཡོད།
སློབ་སྦྱོང་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཉེན་བརྡ་གཏོང་བ་དང་ཟིལ་གྱིས་གནོན་པ། གསལ་འགྲེལ་གཏིང་ཟབ་བྱེད་པ་བཅས་བརྒྱུད་ཏང་ཡོན་དང་ལས་བྱེད་པས་གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བ་གསལ་རྟོགས་ཐུབ་པ་བྱས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྐུལ་སྤེལ་གང་དུ་བཏང་ན། དེར་ཏང་གི་སྒྲིག་ཁྲིམས་སློབ་གསོ་རྗེས་སྙེག་ཐུབ་པ་བྱས་ཡོད།
ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་གསལ་ཐོའི་ཚོད་ལྟ་ལག་ལེན་བསྟར་བ་དང་གཞི་རིམ་ལས་དོན་གྱི་འགན་འཁྲིའི་ཆོག་འཐུས་ཚད་ལྡན་དུ་བཏང་བ་སོགས་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི“རྟ་ཆུང་གིས་ཐེར་ཆེན་འདྲུད་པའི”གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། ཧོ་ནན་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས“སྒོ་བྱང་གང་བྱུང་དུ་བཀལ་བའི”གནད་དོན་ཁྲི་18.7ཐག་གཅོད་བྱས་པ་དང་ཡུན་ནན་གྱིས་ཚོང་གཉེར་ཁོར་ཡུག་དང་གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མངོན་གསལ་དོད་པའི་གནད་དོན་ཆེད་དོན་ཡོ་བསྲང་དང་བཅོས་སྒྲིག་བྱས་ཡོད།
ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྙིང་པ་དང་མཚོན་ཚུལ་གསར་པར་དོ་སྣང་ཆེན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་རང་འགན་ཐེག་པ་ཁུར་ལེན་བྱེད་སེམས་ཆེ་རུ་གཏོང་བར་སྐུལ་ལྕག་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ཏང་གི་སྒྲིག་ཁྲིམས་བརྗོད་དོན་གཙོ་བོར་བཟུང་ནས་ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སློབ་གསོ་སྤེལ་བ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས། ངེས་པར་དུ་བསམ་བློའི་ཁྲིད་སྟོན་མཐའ་འཁྱོངས་དང་། ངེས་པར་དུ་བརྗོད་དོན་གཙོ་བོར་དམིགས་རྒྱུ་མཐའ་འཁྱོངས། ངེས་པར་དུ་གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་རྒྱུན་གཏན་དང་མཉམ་འདྲེས་ཡོང་བ་མཐའ་འཁྱོངས། ངེས་པར་དུ་སྟབས་བདེ་དངོས་སྒྲུབ་ཡོང་བ་མཐའ་འཁྱོངས་བཅས་བྱས་ནས། སྦྱངས་པ་གོ་ཆོད་དང་སྒྲུབ་པར་གྲུབ་འབྲས་ཐོབ་པ་བྱས་ཏེ་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྒྲིག་ཁྲིམས་ནན་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཚེ། གཞི་ནས་རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཐུབ་ངེས་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)