དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནེ་པ་ལའི་སྤེལ་རེས་འཚམས་འདྲི་ཚོགས་པས་ལྷ་སར་རིག་གཞུང་སྙན་ཞུ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-10

    རང་རྒྱལ་དང་ནེ་པ་ལའི་སློབ་གསོའི་ལས་རིགས་དབར་སྤེལ་རེས་རྒྱ་ཁྱབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་བར་རམ་འདེགས་བྱ་ཆེད། ཉེ་དུས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ནེ་པ་ལའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཚམས་འདྲི་ཚོགས་པའི་ཁོངས་མི་གདན་དྲངས་ཏེ་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་རིག་གཞུང་སྙན་ཞུ་བྱས་པ་རེད།

    ནེ་པ་ལའི་སྤེལ་རེས་འཚམས་འདྲི་ཚོགས་པའི་ཁོངས་མི་དང་ནེ་པ་ལའི་ཨ་ཉི་ཀེའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧྲི་ལེ་སི་ཐཱ་ཡིས་བྱས་པའི་རིག་གཞུང་སྙན་ཞུའི་ནང་ཆོས་ལུགས་དང་། ཚོང་ལས། སྒྱུ་རྩལ། རིག་གནས་བཅས་ཕྱོགས་བཞིའི་ཐད་ནས་ཀ་ཏ་མན་རྡུའི་རོང་སའི་ནེ་ཝར་བ་དང་ཀྲུང་གོའི་བོད་ལྗོངས་ཀྱི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བའི་ལོ་རྒྱུས་སྐོར་གླེང་བ་མ་ཟད། ད་དུང་སྲོལ་རྒྱུན་མཛའ་གྲོགས་ཀྱི་རིན་ཐང་དང་། དེང་རབས་ཕྱོགས་སྒྱུར་གྱི་དགོས་མཁོ། དེང་རབས་ཕྱོགས་སྒྱུར་གྱི་ཐབས་ལམ་སོགས་གླེང་བ་རེད། ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ཨུ་ཉིའུ་པཱ་ཉི་ཡིས་འགོ་བརྗོད་དུ《ནེ་པ་ལའི་ཟུར་ཚད་ནས“རྒྱུད་གཅིག་ལམ་གཅིག”རྒྱབ་ལྗོངས་ཁྲོད་ཀྱི་ཀྲུང་ནེའི་མཉམ་ལས་ཀྱི་ད་ཆའི་གནས་བབ་དང་མདུན་ལམ》ཞེས་འཁོད་པའི་རིག་གཞུང་སྙན་ཞུ་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག་གི་ཀྲུང་ནེའི་མཉམ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་། ཀྲུང་གོས་ནེ་པ་ལར་བྱས་པའི་རོགས་སྐྱོར་དང་གདེང་འཇོག ཀྲུང་ནེའི་མཉམ་ལས་ལ་འཕྲད་པའི་འགྲན་སློང་དང་གནད་དོན་སོགས་གླེང་བ་རེད།

    སྙན་ཞུར་རིག་གཞུང་གི་ནང་དོན་ཟབ་པ་དང་དངོས་ཡོད་ཀྱི་གཞི་འཛིན་ས་ཡོད་པས་ཚང་མས་ཀྲུང་ནེའི་འབྲེལ་བའི་ལོ་རྒྱུས་དང་། གནས་བབ། མདུན་ལམ་སོགས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་དེ་བས་ཟབ་པ་བྱ་རྒྱུར་རོགས་རམ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།