དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་སྐབས་རིམ་བྱུང་གི་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་བསྡོམས་འབོར་600ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-09

    ཟླ་9ཚེས་6ཉིན། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་རྣམ་གྲངས་ཀྱི་བུད་མེད་ཀྱི་སྨི་50ཡི་ཕྱེ་ལེབ་རྐྱལ་གྱི་S5རིམ་པའི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ལུའུ་ཏུང་གིས་སྐར་ཆ་38.17གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་ཟིན་ཐོ་བཏོད་དེ་ཨང་དང་པོ་བླངས་པ་རེད། འདི་ནི་ཨང་དང་པོ་ལེན་མཁན་ཀྲུང་གོའི་བདམས་ཐོན་པ་ལུའུ་ཏུང(དཀྱིལ)དང་ཨང་གཉིས་པ་ལེན་མཁན་ཀྲུང་གོའི་བདམས་ཐོན་པ་ཧོ་ཧྲེང་ཀའོ(གཡོན)ཡིས་ཨང་གསུམ་པ་ལེན་མཁན་ཐུར་ཁེའི་བདམས་ཐོན་པ་ཨའོ་ཚེ་ཐུའུ་ཁེ་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

     ཟླ་9ཚེས་5ཉིན། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་བརྒྱད་པའི་འགྲན་བསྡུར་མཇུག་འགྲིལ་ཞིང་། སྐྱེས་པ་དང་བུད་མེད་ཀྱི་སྨི་4×སྨི་50ཡི་མཉམ་བསྲེས་ཆུ་རྐྱལ་མཐུད་འགྲན་གྱི་སྐར་མ་20ཡི་མཐའ་བསྡུར་ནང་ལུའུ་ཏུང་དང་། ཀྲང་ལི། ཝང་ལི་ཁྲའོ། ཀུའོ་ཅིན་ཁྲེང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས་པ་མ་ཟད་སྐར་མ་2དང་སྐར་ཆ་24.83གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། འདི་ནི་1984ལོའི་དབྱིན་ཇིའི་སི་ཐོའུ་ཁེ·མན་ཏེ་ཝེར་དང་ཉིའུ་གཡོད་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོག་མ་བླངས་ཚུན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཐོབ་པའི་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་600པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།