དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་5Gསྤྱོད་མཁན་དུང་ཕྱུར་9.5ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-09

    གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་ཟླ་བ་བདུན་པའི་བར་རང་རྒྱལ་གྱི་འཕྲིན་གཏོང་ལས་རིགས་ཀྱི་འཁོར་རྒྱུག་སྤྱིའི་ཆར་བརྟན་པོ་ཡོད་ཅིང་། ཟླ་7པའི་ཟླ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་ཁྲི་399.6བསྐྲུན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་61.9དངོས་སུ་འཕར་ཡོད། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་9.5ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་དུང་ཕྱུར་1.28དངོས་སུ་འཕར་ཡོད།

    5Gདང་ཆན་ཀྲའོ་འོད་དྲ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཟླ་བ་7པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་ཆེན་སྦྲེལ་མཐུད་མཐུད་སྣེ་དུང་ཕྱུར་11.83ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་4681དངོས་སུ་འཕར་ཡོད། དེའི་ནང་འོད་སྐུད་སྦྲེལ་མཐུད་མཐུད་སྣེ་དུང་ཕྱུར་11.44ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་4920དངོས་སུ་འཕར་ནས་དྲ་སྦྲེལ་དྲ་ཆེན་སྦྲེལ་མཐུད་མཐུད་སྣེ་ཡི་96.7%བཟུང་ཡོད།

    དྲ་རྒྱ་སྤྱོད་མཁན་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་ཆན་ཀྲའོ་སྤྱོད་མཁན་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཞིང་། ཟླ་7པའི་ཟླ་མཇུག་བར་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཏན་འཇགས་དྲ་སྦྲེལ་དྲ་ཆེན་སྦྲེལ་མཐུད་བྱེད་མཁན་དུང་ཕྱུར་6.56ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་ཁྲི་1977དངོས་སུ་འཕར་ཡོད་པ་དང་། དམིག་ཚག་ཟོག་འབྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར་25.47མང་དུ་ཕྱིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་དུང་ཕྱུར་2.15དངོས་སུ་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།