དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཚུང་།   |     སྤེལ་དུས།  2024-09-09

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཅིག་ཡིན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་པ་མ་ཟད་བརྟན་ཞིང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་གི་ཁོར་ཡུག་ཧུར་ཐག་སྐྲུན་དགོས། ཟླ་9ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཁྲིམས་འཛིན་པུའི་འབྲེལ་ཡོད་འགན་འཁུར་བས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ་ངོ་སྤྲོད་བྱས་པ་རེད།

    སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་ཝང་ཀྲེན་ཅང་གིས“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་བཤད་པ་དང་། ཁོང་གིས་སྤྱི་ཡོངས་ནས་བལྟས་ན། 2023ལོར་ཁྲིམས་འཛིན་པུས་ཁྲིམས་འཛུགས་རྣམ་གྲངས་ཁྱོན་51ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་96.2%འཕར་བ་དང་། འདི་ལོར་མིག་སྔའི་བར་རིགས་ཁག་གི་ཁྲིམས་འཛུགས་རྣམ་གྲངས་39ལ་ཞིབ་བཤེར་བྱས་ཡོད། གོམ་སྟབས་རྗེས་མར་སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་བཤད།

    ཁྲིམས་འཛིན་པུའི་ཁྲིམས་འཛུགས་ཅུས་གཉིས་པའི་འགན་འཁུར་བ་ཅང་ཧྲན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འཛིན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་གཉེར་སྐྱོང་པ་སྣ་ཚོགས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུར་ལམ་ལུགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་དང་། ཁེ་ལས་འབྲིང་ཆུང་གི་མ་དངུལ་གཏོང་སྤྲོད་སྲོལ་ཡིག་ལ་བཟོ་བཅོས་དང་འགན་སྲུང་སོགས་བྱེད་ཀྱི་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲིམས་འཛིན་པུས་ད་ལྟ་ལག་བསྟར་བྱེད་མུས་ཀྱི་གོ་ཆོད་པའི་སྲིད་འཛིན་ཁྲིམས་སྲོལ་600ལྷག་ཙམ་ལ་གཅིག་སྡུད་གཙང་བཤེར་བྱས་པ་མ་ཟད། སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་མི་ཕན་པ། དྲང་གཞག་འགྲན་རྩོད་ཀྱི་རྣམ་པ་ལས་འགལ་བའི་འབྲེལ་ཡོད་གཏན་འབེབས་དང་ནང་དོན་བཅས་གཙོ་གནད་དུ་བཟུང་ནས་གཙང་བཤེར་བྱས་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་དགོས”ཞེས་ཐོག་མར་བཏོན་ཡོད། ཁྲིམས་འཛིན་པུས་སྲིད་གཞུང་གི་ཁྲིམས་འཛུགས་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་ཁྲིམས་འཛུགས་ཀྱི་ཞིབ་བཤེར་བྱེད་སྟངས་དང་བྱེད་ཐབས་གསར་གཏོད། ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད་ཅེས་ཝང་ཀྲེན་ཅང་གིས་བཤད་པ་དང་། ཁོང་གིས“ལྷག་པར་དུ་དུས་བབ་གསར་པ་དང་། བླང་བྱ་གསར་པ། ལས་འགན་གསར་པ་བཅས་དང་ཟུང་འབྲེལ་གྱིས་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལམ་ལུགས་དང་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་། ཕན་ནུས་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས”ཞེས་བཤད་པ་རེད།

    དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་སོགས་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་ཡོ་བསྲང་བྱས་ཏེ་མི་དམངས་མང་ཚོགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

    ཉེ་བའི་ལོ་ཤས་རིང་ཚད་དང་མི་མཐུན་པའི་ཁྲིམས་སྒྱུར་བྱ་སྤྱོད་ཁག་གཅིག་གིས་མི་དམངས་མང་ཚོགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད།

    ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་རེད། ཝང་ཀྲེན་ཅང་གིས་ན་ནིང་ཁྲིམས་འཛིན་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཀོད་སྒྲིག་བྱ་རྒྱུའི་རེ་བ་ཞུས་ནས་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་། རྩུབ་སྤྱོད་ཁྲིམས་སྒྱུར། ཁྲིམས་སྒྱུར་ཚད་ལྡན་མེད་པ་སོགས་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་ཡོ་བསྲང་བྱས་པ་དང་ལྷག་པར་དུ་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་བྱེད་ཤུགས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཁྲིམས་འཛིན་པུའི་སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་ལྟ་སྐུལ་ཅུས་ཀྱི་འགན་འཁུར་བ་ཁུང་ཞང་ཆོན་གྱིས་གོམ་སྟབས་རྗེས་མར་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི“གཅིག་དཔེ་བརྒྱ་འགེབས”ཀྱི་ཁྲིམས་སྒྱུར་དང“རྩུབ་སྤྱོད་ཁྲིམས་སྒྱུར”སོགས་ཀྱི་གནད་དོན་ལ་དམིགས་ཏེ་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཁྱབ་ཁོངས་ཁག་གི་ཁྲིམས་སྒྱུར་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གསེད་བཀྲོལ་བྱས་ནས་གཅིག་སྡུད་བཅོས་སྒྲིག་དང་ཆེད་དོན་ལྟ་སྐུལ་བྱ་རྒྱུ་ཡིན་ཞིང་། སྲིད་འཛིན་ཁྲིམས་སྒྱུར་ལ་ལྟ་སྐུལ་དང་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345སོགས་ལྟ་སྐུལ་ཐབས་ལམ་གྱི་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་སྐྱོན་བརྗོད་དང་གྲོས་འགོ་འདོན་སའི་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད་ཅེས་བཤད་ཡོད།

    དངུལ་ཆད་གཏན་འཁེལ་དང་ལག་བསྟར་ཚད་ལྡན་དུ་གཏོང་བའི་ཐད་ཁྲིམས་འཛིན་པུས་ས་གནས་ཁག་དང་སྡེ་ཚན་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་དངུལ་ཆད་གཏན་འཁེལ་བྱེད་སྐབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ལས་རིགས་ཀྱི་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་དངུལ་ཆད་ལུགས་མཐུན་བཟོ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། དངུལ་ཆད་གཅོད་སྐབས་དོ་བདག་རང་ངོས་ཀྱི་ནོར་འཁྲུལ་དང་ཁེ་ཕན་གྱི་གནས་ཚུལ་ལ་སྤྱི་འདོམས་ཀྱིས་བསམ་བློ་བཏང་སྟེ་ནོར་འཁྲུལ་དང་ཆད་གཅོད་འདྲ་མཚུངས་ཀྱི་རྩ་དོན་དང་མཐུན་པར་བྱས་ནས་དོ་བདག་ལ་ཕོག་པའི་ཆད་པ་དེ་ཁྲིམས་འགལ་ལུགས་འགལ་གྱི་ཚད་གཞི་དང་མཐུན་པར་བྱེད་དགོས།

    སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་བཏང་ཡོད།

    རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། འདྲ་མཉམ་དང་ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད། མིག་སྔར། རྒྱལ་ཡོངས་སུ་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་སྣ་ཚོགས་ཁྱོན་བསྡོམས་ཁྲི་75.4ཡོད་པ་དང་། ཆེད་ལས་བཅའ་ཁྲིམས་ཞབས་ཞུའི་མི་སྣ་ཁྲི་399.7ཡོད་པ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་ཁྲི་59བསྐྲུན་པ། གྲོང་གསེབ(སྡེ་ཁུལ)ཁྲི་60ལྷག་ཙམ་ལ་བཅའ་ཁྲིམས་བློ་འདྲི་བ་བཀོད་སྒྲིག་བྱས་པ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་ཀྲུང་གོའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་ཁྱོན་ཡོངས་ནས་བཙུགས་ཟིན་པ་མ་ཟད་ཚད་ལྡན་འཁོར་རྒྱུག་ཀྱང་བྱས་ནས་རྒྱ་ཆེའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པས་ལོ་ལྟར་ལས་སྒོ་སྣ་ཚོགས་ཁྲི་4000ལྷག་ཙམ་གཉེར་བཞིན་ཡོད་པ་བཅས་རེད།

    ཁྲིམས་འཛིན་པུའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཤང་པིན་གྱིས་ཁྲིམས་འཛིན་པུས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཁྲིམས་ལྟར་ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་དུས་མཚུངས“བཅའ་ཁྲིམས་ཀྱིས་ནུབ་རྒྱུད་ལ་རོགས་སྐྱོར་བྱེད་པའི”འཆར་གཞི་ལག་བསྟར་ལ་ཞིབ་འཇུག་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    ཁྲིམས་འཛིན་པུས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་ཇུས་འགན་ལེན་བྱ་ཐབས་འཐུས་ཚང་དུ་བཏང་སྟེ་ཀྲུང་གོའི་ཁྲིམས་རྩོད་པ“ཕྱིར་བསྐྱོད་རྒྱུར”རྒྱབ་སྐྱོར་བྱས་ཡོད། 2018ལོ་དང་བསྡུར་ན་རང་རྒྱལ་གྱི་ཕྱི་རྒྱལ་དུ་ཡོད་པའི་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་གྲངས་འབོར་69.67%འཕར་ནས་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་བདེ་འཇགས་འཁོར་འབྲེལ་སྟོབས་ཆེན་འཛུགས་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།