ཀྲུང་གོར་ཤ་མོ་རྩྭ་རིང་གི་ལག་རྩལ་སྦྱོང་བཞིན་པའི་ཨ་ཧྥེ་རི་ཁའི་འབུམ་རམས་པ་བཟའ་ཟླ།
ཧྥུའུ་ཅན་ཞིང་ནགས་སློབ་ཆེན་རྒྱལ་སྤྱིའི་ཤ་མོ་རྩྭ་རིང་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིན་ཏུང་མེས(གཡས)ཀྱིས་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་རྒྱལ་སྤྱིའི་ཤ་མོ་རྩྭ་རིང་ལྡུམ་རར་མཱ་ཝུན་པོ(དཀྱིལ)དང་མའེ་ཏིར་ཤ་མོ་རྩྭ་རིང་གི་རིགས་ཤིག་ཡིན་པའི“ལྗང་གླིང་ཨང་དང་པོ”སྟེ་ལུའུ་ཀྲུའུ་ཡི་སྐྱེ་འཚར་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
2017ལོར་རུ་ཝང་ཏའི་ཤ་མོ་རྩྭ་རིང་རྣམ་གྲངས་མཐུན་སྦྱོར་པ་མའེ་ཏིས་ཀྲུང་གོའི་ཤ་མོ་རྩྭ་རིང་ལག་རྩལ་སློབ་སྦྱོང་བྱེད་ཆེད། ཧྥུའུ་ཅན་ཞིང་ནགས་སློབ་ཆེན་དུ་སྐྱེ་དངོས་རིག་པའི་ཆེད་ལས་ཀྱི་སྐྱེ་དངོས་ཕྲ་རབ་ཕྱོགས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ལེན་པར་ཡོང་ཞིང་། ཕྱི་ལོར་ཁོང་གི་ཟླ་བོ་མཱ་ཝུན་པོ་ཡང་ཀྲུང་གོར་ཡོང་ནས་ཧྥུའུ་ཅན་དུ་མཉམ་དུ་སློབ་སྦྱོང་དང་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
ཧྥུའུ་ཅན་ཞིང་ནགས་སློབ་ཆེན་རྒྱལ་ཁབ་ཤ་མོ་རྩྭ་རིང་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ལིན་ཀྲན་ཞིའི་མཛུབ་ཁྲིད་འོག མཱ་ཝུན་པོ་དང་མའེ་ཏི་གཉིས་ཀར་རབ་འབྱམས་པའི་སློབ་གནས་བདེ་བླག་ངང་རག་ཅིང་། ཤ་མོ་རྩྭ་རིང་གི་ལག་རྩལ་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་ཆེད། ཨ་ཧྥེ་རི་ཁ་ནས་ཡིན་པའི་བཟའ་ཚོ་གཉིས་པོས་མུ་མཐུད་སློབ་གྲྭར་བསྡད་ནས་འབུམ་རམས་པའི་སློབ་གནས་སྙིང་རུས་ཆེན་པོས་ལེན་རྒྱུའི་གདམ་ག་བྱས་པ་རེད། དབྱར་ཁའི་གུང་གསེང་རིང་བཟའ་ཚོ་གཉིས་པོས་ཚོད་ལྟ་ཁང་དུ་ཡོང་ནས་ཚན་རིག་ཞིབ་འཇུག་བྱེད་པའི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད།
“ཤ་མོ་རྩྭ་རིང་གི་ལག་རྩལ་ནི་ལག་རྩལ་ཡག་པོ་ཞིག་ཡིན་ཞིང་། དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་གསར་སྤེལ་བྱེད་པའི་དགོས་པ་ཆེ་བའི་གྲོང་གསེབ་ས་ཁུལ་ལ་རོགས་རམ་བྱེད་ཐུབ་པས། ང་དང་ཟླ་བོས་སློབ་མཐར་བྱུང་ནས་རྒྱལ་ནང་དུ་ལོག་རྗེས། ཀྲུང་གོ་ནས་སྦྱངས་པའི་ཤ་མོ་རྩྭ་རིང་གི་ལག་རྩལ་ཕ་ཡུལ་གྱི་གྲོང་གསེབ་ཏུ་ཚོད་འདེབས་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱི་མི་རྣམས་ལ་རོགས་རམ་བྱ་རྒྱུ་ཡིན། ངས་བྱས་ན་ཤ་མོ་རྩྭ་རིང་གི་ལག་རྩལ་ཤེས་རྗེས་ཁོང་ཚོའི་འཚོ་བ་སྔར་བས་ཡག་ཏུ་འགྲོ་རྒྱུ་རེད ”ཅེས་མཱ་ཝུན་པོས་བཤད།