ཀྲུང་གོའི་རིག་གནས་ཀྱིས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་སོང་།
འདི་ནི་པའོ་ཡུན་གྱིས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་ཤོག་དྲས་བཟོ་རྩལ་གྱི་རྒྱན་གོས་ཤིག་ཉམས་ལེན་བྱེད་བཞིན་པ།
མོ་རོ་ཁོའི་བུ་མོ་པའོ་ཡུན་ཀྲུང་གོར་ཡོང་ནས་ལོ་ལྔ་ལྷག་ཙམ་འགྲོ་ཡི་ཡོད་པ་དང་། ད་ཆ་ཉིང་ཞའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལས་ཁུངས་ཤིག་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཞིག་རེད།
པའོ་ཡུན་ཆུང་དུས་ནས་ཀྲུང་གོར་ཧ་ཅང་དགའ་པོ་ཡོད་ཅིང་། ལྷག་དོན་དུ་ཀྲུང་གོའི་གློག་བརྙན་དང་། དངོས་མཚོན་པར་གཞི། སྲོལ་རྒྱུན་རིག་གནས་བཅས་ལ་སྔ་ཕྱི་བར་གསུམ་དུ་དགའ་པོ་ཡོད། ཁོང་གི་ངོས་ནས་བརྗོད་ན། ཀྲུང་གོ་ནི་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཅིག་རེད། གློག་བརྙན་དང་བརྙན་འཕྲིན་ནང་གི་རྒྱ་ཡིག་ལ་ཁོང་ཡ་མཚན་ཆེན་པོ་སྐྱེས་ཤིང་། “ཀྲུང་གོ་བས་ཡི་གེ་དེ་རིགས་ཇི་ལྟར་ཀློག་པ་དང་ཇི་ལྟར་འབྲི་གི་ཡོད་དམ”སྙམ་གྱི་ཡོད།
མོ་རོ་ཁོའི་མུའུ་ཧན་མོ་ཏེ་ཁྲི་ཐོག་ལྔ་པའི་སློབ་ཆེན་དུ་སློབ་གྲྭར་འགྲོ་སྐབས་ཁོང་གིས་རྒྱ་ཡིག་ཆེད་ལས་བདམས་པ་མ་ཟད། ད་དུང་བརྗེ་རེས་སློབ་མའི་ངོས་ནས་དེ་སྔོན་པེ་ཅིང་དུ་སློབ་སྦྱོང་བྱེད་པར་ཡོང་ཡོད། སློབ་གྲྭ་ཐོན་རྗེས་པའོ་ཡུན་གྱིས་ཀྲུང་གོར་སྔར་བས་རྒྱུས་མངའ་གཏིང་ཟབ་ལོན་ཆེད་ཉིང་ཞ་རུ་ལོ་ཙཱའི་ལས་ཀ་བྱས་ནས་བསྡད།
ཀྲུང་གོའི་དབུལ་སྒྲོལ་བརྗོད་གཞིར་བྱས་པའི་བརྙན་འཕྲིན་ཟློས་གར《རི་ཆུའི་བརྩེ་སེམས》ཞེས་པ་དར་ཁྱབ་ཆེན་པོས་བསྟན་རྗེས་པའོ་ཡུན་དང་ལས་རོགས་ཚོས་ཟློས་གར་དེའི་ཨ་རབ་ཡི་གེའི་པར་གཞི་ཡིག་སྒྱུར་བྱས་པ་མ་ཟད། ད་དུང་ཟློས་གར་ཕྱོགས་བསྒྲིགས་དེ་སོ་ཏི་ཨ་རབ་དང་། ཨེ་ཅིབ། སུའུ་ཏན། མོ་རོ་ཁོ་སོགས་རྒྱལ་ཁབ་ཏུ་བསྟན་རྒྱུར་སྐུལ་འདེད་ཡང་བཏང་བ་རེད།
ཀྲུང་གོར་འཚོ་བ་སྐྱེལ་བའི་མྱོང་ཚོར་གླེང་སྐབས་པའོ་ཡུན་གྱིས“རྒྱ་ཡིག་ནི་ཡིད་དབང་འཕྲོག་ལ་ནང་དོན་གཏིང་ཟབ་པ་དང་། ཀྲུང་གོ་བ་ནི་སེམས་རྩ་འཁོལ་ལ་གྲོགས་འབྲེལ་ཟབ་པ་ཞིག་ཡིན། ངའི་ངོས་ནས་བརྗོད་ན་ཀྲུང་གོ་ངའི་ཕ་ཡུལ་གཉིས་པ་ཡིན”ཞེས་བཤད།