དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེ་མོ་བྱེད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-09

    འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེ་མོ་བྱེད་པའི”བྱེད་སྒོ་སྤེལ་རིང་གྲོང་སྡོད་ལས་བྱེད་པས་འབྲོག་པ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པ།

    2024ལོའི་ཟླ་5ཚེས་24ཉིན། གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེ་མོ་བྱེད་པའི”བྱེད་སྒོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་76དང་གྲོང་སྡོད་ལས་བྱེད་པ་338ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཞི་རིམ་གྱི་འབྲོག་དུད་དུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་ཡོད།

    ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

    ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་གྲོང་མིའི་ཚོགས་ཆེན་འཚོག་པ་དང་དུད་ཚང་དུ་བསྐྱོད་དེ་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་གི་དམངས་ཕན་སྲིད་ཇུས་ཁག་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། ཞིང་ཕན་སྲིད་ཇུས། སྨན་བཅོས་འགན་ལེན་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་ནས་གྲོང་མི་ཚོས་ཏང་གི་སྲིད་ཇུས་ལས་བྱུང་བའི་ཕན་པ་དངོས་དང་གོ་སྐབས་ཤེས་རྟོགས་ཐུབ་པར་བྱས་ཡོད།

    དམར་རོང་ཤང་ཤ་རྒྱས་སྔོ་མཆིག་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབྲོག་ཁུལ་དུ་བསྐྱོད་དེ་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་འབྲོག་པ་མང་ཚོགས་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་འབྲེལ་ཕ་ཡུལ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་འབྲོག་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་བྱ་ཐབས་ཁག་ལ་འགྲེལ་བཤད་བརྒྱབ་སྟེ་ཚང་མར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུར་རོགས་རམ་བྱས་པ་དང་། གྲོང་ཚོ་དེ་གར་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད།

    བྱེད་སྒོ་སྤེལ་རིང་། ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་ད་དུང་སྒྲོག་འགྲེལ་རུ་ཁག་བཙུགས་ནས་དྲིལ་བསྒྲགས་བྱ་ཡུལ་རྒྱ་ཆེར་བཏང་སྟེ“མང་ཚོགས་གང་དུ་སླེབས་ན་དེ་གར་སྒྲོག་འགྲེལ་བྱེད་པའི”ཐོག་ནས“ཏང་གི་གསུང་སྒྲ”དམངས་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དམངས་ལ་བརྩེ་སེམས་འཆང་ལུགས་མངོན་པར་བྱས་པ།

    ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་མང་ཚོགས་ཀྱི་དོན་ཆུང་གྲོང་སྡོད་ལས་དོན་གྱི་དོན་ཆེན་ལ་བརྩིས་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་དོ་ཁུར་བྱེད་ཀྱི་ཡོད་པ་རེད། གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་མར་གྱི་ཚོང་ལམ་རྒྱ་ཆེན་པོ་མེད་པ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་རྐང་གཉིས་ཤང་སེའུ་བྱིས་སྐེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་དུས་ཐུང་ཉིན་10ཡི་ནང་མང་ཚོགས་ལ་མར་རྒྱ་མ་450ལྷག་ཙམ་འཚོང་རོགས་བྱས་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.8ལྷག་ཙམ་བྱུང་ཡོད།

    གྲོང་མིར་ཁང་པ་ཉམས་གསོ་དང་འཕྲིན་གཏོང་གི་དཀའ་གནད་ཐག་གཅོད་བྱེད་པའམ་ཡང་ན་གྲོང་མིར་སྨན་བཅོས་རོགས་སྐྱོབ་དང་བུ་ཕྲུག་སློབ་ཞུགས་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱེད་པ་གང་ཞིག་ཡིན་རུང་། ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་སེམས་ནུས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་ལས་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད།

    དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་བཏང་བ།

    མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལམ་སྐྲུན་པ། ཟམ་པ་རྒྱག་པ། ལམ་སྒྲོན་བསྒར་བ་བཅས་བྱས་ནས་གྲོང་མི་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ད་དུང་གྲོང་མིར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་ཧུར་ཐག་བྱས་ནས་ཡོང་འབབ་མང་དུ་བཏང་ཡོད།

    དྲག་ཆར་བབས་པ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་པ་ལས་འདི་ལོ་མཚོ་དམར་ཤང་མཚོ་ཡག་མ་གྲོང་ཚོའི་འགྲོ་ལམ་ཆུས་ཁྱེར་ཏེ་མི་དང་རླངས་འཁོར་འགྲོ་སྐྱོད་བྱེད་ཐབས་བྲལ་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་ས་ཡུལ་དངོས་སུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་ཉམས་བཟོའི་ཇུས་གཞི་གཏན་འཁེལ་བྱས་ནས་མང་ཚོགས་སྒྲིག་འཛུགས་ཀྱིས་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་པ་རེད། ཆུ་ཚོད་8ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་འགྲོ་ལམ་ཁག་4ཡི་ཉེན་སེལ་ཤར་གཏོང་ཐུབ་སྟེ་མང་ཚོགས་དུད་ཚང་71དང་མི་200ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    རྐང་གཉིས་ཤང་ན་ནག་ཁྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གློག་འཕྲིན་ལས་ཁུངས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་བཅའ་སྡོད་བྱ་ཡུལ་གྲོང་ཚོར་བརྡ་རྟགས་ཀྱི་སྦྲེལ་ཚུགས་བཙུགས་ཏེ་གློག་འཕྲིན་གྱི་བརྡ་རྟགས་ཡག་པོ་ཡོང་བར་བྱས་ཤིང་། གྲོང་མི་ཚོས་སེམས་འགུལ་ཚད་མེད་ཐེབས་པའི་ངང“དེ་སྔ་ཁ་པར་རྒྱག་དགོས་ཚེ་ས་ཐག་རིང་བའི་བརྡ་རྟགས་ཡོད་སར་འགྲོ་དགོས་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་ད་ཆ་བརྡ་རྟགས་ཡག་པོ་ཡོད་པས་གཉེན་ཉེ་ཚོར་ཁ་པར་ག་དུས་བརྒྱབ་བརྒྱབ་རེད་ལ། ད་དུང་ཆ་འཕྲིན་མང་པོ་ཧ་གོ་གི་འདུག”ཅེས་བཤད།

    བྱེད་སྒོ་སྤེལ་རིང་ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་བསྒྲུབས་པ་བརྒྱུད་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཏན་ཏིག་ཕྱིན་ཡོད།

    གཟུགས་བརྙན་བཟང་པོ་བཏོད་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱས་པ།

    ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་བསྒམ་ནན་གྱི་ལས་ཀའི་རྣམ་འགྱུར་དང་། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་གཟུགས་བརྙན་བཟང་པོ་བཏོད་པར་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཁོང་ཚོས་ལས་ཀའི་སྒྲིག་ལམ་ནན་པོ་སྲུང་བ་དང་སྤྱོད་གཙང་རང་གཅུན་གྱིས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ངལ་ཤེས་རྟོགས་གཏིང་ཟབ་བྱས་པས་མང་ཚོགས་ཀྱི་སྙིང་ཉེ་བ་དངོས་ལ་གྱུར་ཡོད།

    ལུས་སེམས་གྲོང་ཚོར་གནས་ཐུབ་པར་བྱས་ནས་དམངས་འཚོར་ཕན་བཏགས་ཤིང་། ཨ་མདོ་རྫོང་གི་གྲོང་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པས་ཉིན་བརྒྱའི་ནང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལ་གསལ་འགྲེལ་བྱས་ཏེ། ཁ་ཚ་དགོས་གཏུགས་ཀྱིས་སྒྲུབ་དགོས་པའི་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་བསྒྲུབས་པས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་རྒྱུན་ཆད་མེད་པར་ཐོབ་པ་རེད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚང་མས་བློ་སེམས་གཅིག་སྒྲིལ་དང་ནུས་ཤུགས་མཉམ་འདོན་གྱིས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་མ་ཟད། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་ཆེན་པོའང་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།