ཀུ་ཤུ་སྨིན་པ།
འདི་ནི་ཉིང་ཁྲི་ཞིང་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ལས་མིས་ཀུ་ཤུ་བཀོག་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་སྦྲེལ་མཚམས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་དུ་བོད་ལྗོངས་ས་མཐོའི་སྤུས་ལེགས་ཤིང་འབྲས་རྟེན་གཞི་ཆེ་ཤོས་ཏེ། ཉིང་ཁྲི་གྲོང་ཁྱེར་ཞིང་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སི་ཡོད་ཅིང་། ཀུང་སི་དེའི་ཀུ་ཤུ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ས་མཐོའི་ཉི་འོད་དང་། ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བ། དྭངས་ཤིང་གཙང་བའི་གངས་ཆུ་བཅས་ཡོད་པའི་རྐྱེན་གྱིས་ཀུ་ཤུའི་མདོག་དམར་ལ་བྲོ་བ་ཞིམ་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།