དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ས་ཡུལ་དངོས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-08

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་དང་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པའི་འཐུས་མི་80ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གོ་འཇོ་རྫོང་དུ་བསྐྱོད་ནས་2024ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ས་ཡུལ་དངོས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་རིང་། ཚང་མས་སྔ་རྗེས་སུ་གོ་འཇོ་རྫོང་སློབ་ཆུང་དང་རྫོང་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་སོགས་སུ་བསྐྱོད་དེ་གོ་འཇོ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད། ལྟ་སྐོར་བྱེད་རིང་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་འཇོ་རྫོང་གི་ལས་དོན་སྒྲུབ་སྟངས་དང་ཕན་འབྲས་སོགས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད།

    ཚོགས་འདུར་ཞུགས་མཁན་རྫོང(ཆུས)ཁག་གི་འཐུས་མི་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུན་ཟླའི་རྫོང(ཆུས)དང་སྤེལ་རེས་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།