དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ནེའུ་ཙི་ལན་གྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་པུའུ་ཀྲང་རིམ་པའི་སྐད་ཆ་ཤོད་རེས་ཐེངས་ལྔ་པ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-07

    ཉེ་ཆར། ཀྲུང་གོ་དང་ནེའུ་ཙི་ལན་གྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་པུའུ་ཀྲང་རིམ་པའི་སྐད་ཆ་ཤོད་རེས་ཐེངས་ལྔ་པ་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་དུ་བདེ་བླག་ངང་བྱས་ཤིང་། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་དང་ནེའུ་ཙི་ལན་གྱི་གནམ་གཤིས་འགྱུར་ལྡོག་པུའི་པུའུ་ཀྲང་ཨོ་ཚི་མཉམ་དུ་ཞུགས་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་གནམ་གཤིས་ཀྱི་སྲིད་ཇུས་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་སོགས་ཀྱི་གྲོས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་ཏེ། ཐཱན་འབུད་ཉོ་ཚོང་དང་ལྗང་མདོག་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

    ཕྱོགས་གཉིས་པོས་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་བཅག་སྟེ། གནམ་གཤིས་ཀྱི་ཕྱོགས་མང་འཕེལ་རིམ་ཆེད་སེམས་ཤུགས་དང་སྒུལ་ཤུགས་སྣོན་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཕྱོགས་གཉིས་པོས་སྲིད་ཇུས་ཀྱི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་གཉིས་པོའི་གནམ་གཤིས་མཉམ་ལས་ཡིག་ཆར་དཔྱད་བསྡུར་དང་དེ་གསར་སྒྱུར་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་ལས་བྱུང་བའི་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།